ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ལན་ཌིའི་གྲོས་ཚོགས་ཀྱིས་རྩ་ཁྲིམས་སྒྱུར་བཅོས་ལ་བགྲོ་གླེང་།


༄༅།། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ལན་ཌི་རྒྱལ་ཁབ་ལ་མི་མང་གིས་ངོ་རྒོལ་བྱས་པའི་གནོན་ཤུགས་འོག རེས་གཟའ་མིག་དམར་ཉིན་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་རྩ་ཁྲིམས་སྒྱུར་བཅོས་གཏང་རྒྱུའི་གྲོས་གཞི་ཞིག་ལ་བགྲོ་གླེང་བྱེད་འགོ་ཚུགས་འདུག འདི་ནི་ཐེ་ལན་ཌིའི་སློབ་ཕྲུག་གཙོས་མི་མང་ངོ་རྒོལ་བ་ཚོས་བཏོན་པའི་རྩ་བའི་རེ་བདུན་གྲས་ཀྱི་དོན་ཚན་ཞིག་ཡིན་ཞིང་། ཉིན་དེར་ཐེ་ལན་ཌིའི་ཉེན་རྟོག་པ་དང་ངོ་རྒོལ་བ་ཚོ་གྲོས་ཚོགས་ཀྱི་མདུན་ཐང་དུ་འཁྲུག་འཛིང་བྱུང་ཡོད་པའི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG