ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐེ་ལན་གྱི་གྲོས་ཚོགས་ཕྱིར་བསྡུ་དང་འོས་འདེམས་གསར་པ།


ཉེ་དུས་ཤིག་ནས་ཐེ་ལན་གྱི་ཁ་གཏད་ཚོགས་པ་ཁག་གི་རྒྱབ་སྐྱོར་པ་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ། རྒྱལ་ས་བྷན་ཁོཀ་དང་དེ་མིན་གྱི་གྲོང་ཁྱེར་ཁག་ལ་དུས་བདེ་ཞོད་འཇགས་མེད་པར་ཟིང་འཁྲུག་ལངས་ཤིང་། དུས་ཡུན་བདུན་ཕྲག་འགའ་ཞིག་ལ་སྲིད་བློན་དབྱིན་ལུཀ་ཤི་ཎ་ཝཏ་རས་ལངས་ཕྱོགས་མཁྲེགས་པོ་བཟུང་ནས་སྲིད་གཞུང་བསྐྱངས་རུང་། ད་ལྟ་ཐེ་ལན་གྱི་ཁ་གཏད་ཚོགས་པ་ཁག་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཤུགས་ཇེ་ཆེར་སོང་ཡོད་པས། སྲིད་བློན་དབྱིན་ལུཀ་ཤི་ཎ་ཝཏ་རས་ཕྱོགས་ཁག་ཚང་མའི་བསམ་ཚུལ་ལ་མཉན་པ་དང་། དེ་རིང་ཕྱི་ཟླ་༡༢་ཚེས་༩་ཉིན་སྲིད་བློན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་བྱས་པ་ལྟར་ན། ཁོང་གིས་ངས་ཐེ་ལན་གྱི་རྒྱལ་པོར་གྲོས་ཚོགས་ཕྱིར་བསྡུ་དང་སྤྱི་ཡོངས་འོས་འདེམས་གསར་དུ་བྱ་དགོས་པའི་བཀའ་རྒྱ་བསྒྲག་དགོས་པའི་འབོད་སྐུལ་ཞུས་ཡོད། ང་ཚོས་དམངས་གཙོའི་ལམ་ལུགས་ལྟར་ཐེ་ལན་ལ་འོས་འདེམས་གསར་པ་ཞིག་བྱ་དགོས་པ་དང་། ཐེ་ལན་མི་དམངས་ལ་རྒྱལ་ཁབ་འཛིན་སྐྱོང་གི་ལས་འགན་སྲིད་དོན་ཚོགས་པ་གང་ལ་སྤྲོད་འདོད་ཡོད་མེད་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG