ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ལན་གྱི་དམག་གིས་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་འབོད་འགུགས།


འདས་པའི་ལོ་ངོ་རེ་ཟུང་ཞིག་ནས་ཐེ་ལན་གྱི་ཁ་གཏད་ཚོགས་པས་གཞུང་འཛིན་ཚོགས་པར་ལོ་དང་ཟླ་བ་བསྟུད་ནས་ངོ་རྒོལ་བྱས་པ་དང་། ཐེ་ལན་གྱི་གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་པ་ཚོས་ཁ་གཏད་ཚོགས་པར་ངོ་རྒོལ་རབ་དང་རིམ་པ་བྱས་ཏེ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་ཅིང་། བདུན་ཕྲག་འདིར་ཐེ་ལན་གྱི་དམག་གིས་སྲིད་གཞུང་མགོ་རྟིང་སློག་ནས་སྲིད་དབང་འཕྲོག་པ་མ་ཟད། ཐེ་ལན་གྱི་དམག་གིས་དགོང་མོའི་ཆུ་ཚོད་༡༠་ནས་མཐོ་རེངས་ཆུ་ཚོད་༥་བར་དུ་འགྲིམ་འགྲུལ་བཀག་རུང་། ད་སྔ་ཐེ་ལན་གྱི་སྲང་ལམ་ཁག་ཏུ་དམག་དཔུང་འཕོན་ཆེ་འགྲེམ་འཇོག་བྱས་པའམ། ཡང་ན་མི་མང་གིས་ཐེ་ལན་གྱི་དམག་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་སོགས་ཀྱི་ལས་འགུལ་གང་ཡང་སྤེལ་མེད་པས། ཐེ་ལན་གྱི་དམག་གིས་མི་དམངས་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པའི་རྣམ་པ་ཅི་ཡང་མེད་པར་རྒྱལ་ས་བྷན་ཁོག་ལ་ཞི་བདེ་བརྟན་ལྷིང་སླར་གསོ་བྱེད་ཐུབ་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་ཐེ་ལན་གྱི་དམག་གི་འགོ་ཁྲིད་ཚོས་ཉི་མ་རེ་ཟུང་གོང་དུ་གནས་དབྱུང་བཏང་བའི་གཞུང་གི་ལས་སྣེ་ཡོད་དོ་ཅོག་དང་། ཐེ་ལན་གྱི་ཆབ་སྲིད་ལ་ཤུགས་རྐྱེན་ཆེ་བའི་ཁྱིམ་ཚང་ཁག་གི་མི་སྣ་བརྒྱ་རྣམས་འབོད་འགུགས་བྱས་ཏེ། ཁོ་ཚོས་ཐེ་ལན་ལ་ཞི་བདེ་བརྟན་ལྷིང་སླར་གསོ་བྱེད་ཕྱོགས་དང་སྲིད་གཞུང་བརྟན་པོ་ཞིག་ཇི་ལྟར་འཛུགས་དགོས་མིན་གྲོས་བསྡུར་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG