ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ལན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ངོ་རྒོལ།


ཐེ་ལན་གྱི་ལྟ་སྐྱོང་སྲིད་བློན་དབྱིང་ལག་ཤི་ཎ་ཝཏ་རས་ཕྱི་ཟླ་༢་ནང་སྤྱི་ཡོངས་འོས་འདེམས་བྱེད་དགོས་པའི་ཐག་གཅོད་བྱས་པ་དང་། ཁོང་གིས་ཁ་གཏད་ཚོགས་པའི་རེ་འདུན་ཁག་ལ་མོས་མཐུན་བྱས་ནས་སྲིད་གཞུང་ཕྱིར་བསྡུ་བྱས་ཀྱང་། ད་ལྟ་ཐེ་ལན་གྱི་ཁ་གཏད་ཚོགས་པའི་རྒྱབ་སྐྱོར་པ་ཚོས་བདུན་ཕྲག་རྗེས་མར་མི་མང་སྟོང་ཕྲག་མང་པོ་རྒྱལ་ས་བྷན་ཁོག་ལ་འདུ་འཛོམས་བྱས་ཏེ། ཁོ་ཚོས་སྲིད་བློན་དབྱིང་ལག་ཤི་ཎ་ཝཏ་རའི་བར་བརྒལ་སྲིད་གཞུང་མགོ་རྟིང་སློང་རྒྱུའི་ངོ་རྒོལ་ཆེན་པོ་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ཐེ་ལན་མི་མང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་འབྱུང་སྲིད་པའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁ་གཏད་ཚོགས་པའི་ངོ་རྒོལ་དེས་ཐེ་ལན་ལ་ཞི་བདེ་བརྟན་ལྷིང་མེད་པར་ཟིང་འཁྲུག་འབྱུང་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG