ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཊེན་སིན་ཊི་འཕྲུལ་ལས་ཁང་གིས་ཝུ་ཧན་གྱི་གྲངས་ཐོ་ཕྱིར་བསྒྲགས


རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་མཁན་གྱི་ནད་པ་དང་། ནད་དུག་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པའི་མིའི་གྲངས་ཐོ་ཞིག་ཕྱིར་བསྒྲགས་བྱས་འདུག ཉམས་ཞིབ་པ་མང་པོ་ཞིག་གིས་ཊེན་སིན་ཊི་འཕྲུལ་ལས་ཁང་དེས་སྟེས་དབང་གིས་ཝུ་ཧན་གྲོང་ཁྱེར་གྱི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱས་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་ཊེན་སིན་ཊི་འཕྲུལ་ལས་བཟོ་ཚོང་ཁང་གིས་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་༡༥༤༠༢༣་ལ་འགོས་ནད་ཕོག་ཡོད་པ་དང་མི་༢༤༥༨༩་ལ་འཆི་སྐྱོན་བྱུང་ཡོད་པ་གསལ་བཏོན་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG