ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་དགེ་ཕྲུག་གཅིག་གི་སློབ་སྦྱོང་ཡག་པོ་ཡོང་བ་ལ་དགེ་རྒན་ལ་ཤ་ཚ་དགོས་བའི་ལམ་སྟོན་བསྩལ།


བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༩་ཚེས་༥ཉིན་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པའི་ཁྲོད། ཐེངས་འདིའི་ཆོས་འབྲེལ་འདེབས་ཞུ་མཁན་ལྷོ་ཨེ་ཤི་ཡའི་དད་ལྡན་སློབ་མ་རྣམས་ནས་དེ་རིང་རྒྱ་གར་ནང་དུ་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དང་འབྲེལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་རྒན་ཉིན་མོའི་འཚམས་འདྲི་ཞུས་སོང་བ་དང་། སྤྱི་ཡོངས་ནས་སློབ་གྲྭའི་དགེ་རྒན་ཞིག་ལ་མཚོན་ནའང་ཕྲུ་གུའི་སློབ་སྦྱོང་དང་མདུན་ལམ་ཡག་པོ་ཡོང་ཆེད་དུ་དགེ་རྒན་དེ་ལ་ཤ་ཚ་དང་བརྩེ་བ། དེ་བཞིན་སེམས་ཁུར་དགོས་གནད་ཡིན་པ་ལམ་སྟོན་བཀའ་དྲིན་བསྩལ་སོང་།

XS
SM
MD
LG