ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གྱི་ལས་འགུལ།


༄༅།། སྤྱི་ཟླ་༡༢་པའི་ཚེས་༡༠་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྲིད་དོན་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཙོན་འཇུག མིའི་སྤྱོད་ཚུལ་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པའི་ལོ་རྒྱུས་རྣམས་རི་མོའི་བརྙན་རིས་སུ་ཕབ་ནས་དྲྭ་ལམ་དུ་འགྲེམ་སྤེལ་གྱི་ལས་འགུལ་ཞིག་སྤེལ་འདུག ལས་འགུལ་འདི་ཕྱི་ལོ་༢༠༢༡་ཕྱི་ཟླ་༡་ཚེས་༡༠་བར་དུ་ལྟེ་གནས་ཁང་དེའི་བརྒྱུད་ལམ་ཁག་ཏུ་བདུན་ཕྲག་རེར་བརྙན་ཐུང་གཉིས་རེ་བརྒྱུད་འགོད་བྱ་འཆར་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ལ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་རྣམས་མཚམས་འཇོག་དང་རྒྱ་ནག་གི་ཁྲིམས་ལུགས་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བསྟུན་དགོས་ཞེས་བོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG