ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མདོ་སྨད་རྨ་ཆུ་ནས་ཡོང་བའི་བོད་མི་འབྲོག་པ་ལྷ་མོ་སྐྱབས་ཀྱི་མི་ཚེ་ལོ་རྒྱུས་དང་། ཁོང་དང་བོད་མིའི་རང་དབང་འཐབ་རྩོད་བར་འབྲེལ་བ། ཆབ་སྲིད་ལས་འགུལ་ཁྲོད་དུ་རྒྱ་ནག་གི་བཙོན་ཁང་ལ་བསྡད་པའི་རྒྱུད་རིམ། ཡང་ད་ལྟའི་བོད་ནང་གི་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་སོགས་བརྗོད་དོན་བྱེད་ཡོད་པའི་དངོས་བྱུང་གློག་བརྙན་༼རྒྱལ་གཅེས་མཆོད་སྦྱིན༽ཞེས་པ་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་ཏེ་དེ་རིང་བཞུགས་སྐར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་ཤིག་འཚོགས་ཡོད་པའི་སྐོར་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG