ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨབ་གྷ་ཎི་སི་ཐན་གྱི་གཞུང་དམག་རྣམས་བྲོས་བྱོལ།


༄༅།། ཉེ་ཆར་ཕྱི་ཟླ་༤་པའི་ཟླ་དཀྱིལ་དུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་ནས་བཟུང་། ཏ་ལི་བྷན་གྱེན་ལོག་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་བྱང་ཕྱོགས་ཁུལ་དུ་དབང་སྒྱུར་བྱེད་ཐུབ་ཡོད་ཅིང་། ཉེ་ཆར་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་འགྲེམ་འཇོག་བྱས་པའི་གཞུང་དམག་རྣམས་ཁྱིམ་མཚེས་རྒྱལ་ཁབ་ཏ་ཇིཀ་སི་ཐན་ལ་བྲོས་བྱོལ་དུ་སོང་སྟེ་འཐབ་འཁྲུག་རྒྱག་མ་དགོས་པར་ཏ་ལི་བྷན་གྱེན་ལོག་ཤོག་ཁག་ལ་རྒྱལ་ཁ་ཐོབ་ཡོད་པའི་སྐོར་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG