ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྟག་ཚ་དགོན་གྱི་རྗེའི་ལྷ་ཁང་ལ་མེ་སྐྱོན་ཤོར་བ།


བོད་མདོ་སྨད་རྔ་བ་མཛོད་དགེ་རྩྭ་ཐང་དུ་ཆགས་ཡོད་པའི་སྟག་ཚ་དགོན་པའི་རྗེ་ཙོང་ཁ་བའི་ལྷ་ཁང་ལ་མེ་སྐྱོན་ཤོར་ཏེ། སྐུ་གསུང་ཐུགས་རྟེན་གཙོས་པའི་ལྷ་ཁང་སྤྱི་ལ་མེ་ཡིས་གནོད་སྐྱོན་ཚབས་ཆེ་ཐེབས་ཡོད་འདུག་ཀྱང་། དགོན་པའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་ཤི་རྨས་གང་ཡང་བྱུང་མེད་པ་འགྲེལ་བརྗོད་བྱེད་བཞིན་པ་རེད། ཐེངས་འདིར་སྟག་ཚ་དགོན་པར་མེ་སྐྱོན་ཤོར་བ་འདི་ནི་ལོ་འདིའི་ནང་དུ་བོད་ནང་གི་དགོན་པར་མེ་སྐྱོན་ཚབས་ཆེ་བྱུང་བ་གཅིག་པུ་མ་ཡིན་པར་ཉེ་བའི་ཆར་བོད་ནང་གི་དགོན་སྡེ་གཞན་ཁག་ཅིག་ལ་མེ་སྐྱོན་རིམ་པས་བྱུང་ཡོད། བོད་ནང་དུ་མེ་སྐྱོན་ཤོར་བའི་སྐབས་མེ་གསོད་རུ་ཁག་དུས་ཐོག་ཏུ་འབྱོར་མེད་པ་དང་། མཆོད་མེ་དང་གློག་སྐུད་རྒྱུད་དེ་མེ་སྐྱོན་ཡོང་གི་ཡོད་པ་སོགས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG