ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༦/༡༦

བོད་པ་ཚོས་རང་ཉིད་བོད་པ་ཡིན་པའི་སྤོབས་པ་དང་སེམས་པ་བཟང་པོ་བྱ་དགོས་པའི་བཀའ་སློབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་འདི་ཚེས་ ༣ ཉིན་ཕྱི་ནང་གི་དད་ལྡན་བརྒྱ་ཕྲག་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པར། མཇལ་ཁའི་སྐབས་༧མགོན་པོ་གང་ཉིད་མཆོག་ནས་བོད་པ་མཇལ་བཅར་བ་རྣམས་ལ་བོད་པ་ཡིན་པར་སྤོབས་པ་སྐྱེ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང་། དེ་བཞིན་བོད་པ་ཡིན་པའི་རྟགས་མཚན་ལ་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་པའི་བཀའ་སློབ་ཕེབས་གནང་འདུག།

དེ་བཞིན་ཊུར་ཀི་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་ཡང་ཉེ་ལམ་ཡུལ་དེའི་ནང་བྱུང་བའི་ས་ཡོམ་གོད་ཆག་གིས་མཚོན་མི་འདོད་པ་ཐོག་ཏུ་བབ་དུས་སེམས་མི་ཞུམ་པར་གནས་དགོས་པའི་བཀའ་སློབ་སྩལ་གནང་མཛད་འདུག།

གཞན་ཡང་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ཟིན་པ་བགྲེས་ཡོལ་དང་བགྲེས་ཡོལ་སྔ་བསྣུར་དུ་ཕེབས་པ་ཉི་ཤུ་ལྷག་ལ་ཡང་༧མགོན་པོ་མཆོག་ནས་མཇལ་ཁ་དང་ལྷན་དུ་སྲོང་བཙན་ལེགས་སོ་རྗེས་དྲན་གྱི་ཕྱག་རྟགས་སུ་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་དང་ཕྱག་འཁྱེར་རེ་གསོལ་སྩལ་གནང་ཡོད་པ་རེད་འདུག།

XS
SM
MD
LG