ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་སློབ་ཕྲུག་ཚོས་གྲོས་ཚོགས་བདག་བཟུང་བྱེད་པ།


ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་ཡོད་པའི་གྲོས་ཚོགས་ཚོགས་ཁང་གཙོ་བོ་དེའི་ནང་དུ། ཐེ་ཝན་གྱི་སློབ་ཕྲུག་ཚོས་བདག་བཟུང་བྱེད་པ་དང་། ཁོ་ཚོས་ད་དུང་ཐེ་ཝན་གྲོས་ཚོགས་ཀྱིས་ཁོང་ཚོའི་དགོས་འདུན་ལ་ངོས་ལེན་མ་བྱེད་པར་དུ་མུ་མཐུད་ནས་གྲོས་ཚོགས་ཚོགས་ཁང་བདག་བཟུང་བྱ་རྒྱུའིོ་བསྒྲགས་གཏམ་སྤེལ་འདུག ཐེངས་འདིར་ཐེ་ཝན་གྱི་སློབ་ཕྲུག་གཙོ་བོར་བྱེད་པའི་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་དོན་ནི། ཐེ་ཝན་གཞུང་གིས་རྒྱ་ནག་དང་མཉམ་དུ་ཚོང་དོན་འབྲེལ་ལམ་གྱི་གྲོས་ཆོད་ཅིག་ལ་མོས་མཐུན་བྱས་ཡོད་པ་དེ་ཕྱིར་འཐེན་བྱ་དགོས་པ་དང་། དོན་ཚན་རེ་རེ་ལ་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ཡང་ཉམས་ཞིབ་པ་ཚོས་བརྗོད་ན། ཐེ་ཝན་ནང་དུ་རྒྱ་ནག་གིས་ཚོང་ལས་རྒྱ་སྐྱེད་བཏང་བ་ཡིན་ན་རང་བཞིན་གྱིས་ཆབ་སྲིད་ཐད་ནས་ཀྱང་ཤུགས་རྐྱེན་ཐེབས་པར་ངོས་འཛིན་བྱེད་བཞིན་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་པྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG