ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་ཐེ་ཝན་ལ་འཐབ་འཛིང་གནམ་གྲུ་ཕྱིར་ཚོང་།


ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་༦༦་བཙོང་དགོས་པ་དང་། ཨ་མི་རི་ཀའི་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་དགོས་ངེས་ཡིན་ཞེས་རེ་བ་བཏོན་རུང་། སྲིད་འཛིན་ཨོ་བྷ་མའི་གཞུང་གིས་ཐེ་ཝན་ལ་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་བཙོང་རྒྱུ་མིན་པ་དང་། ད་ལྟ་ཐེ་ཝན་གྱི་གནམ་དམག་ལ་ཡོད་བཞིན་པའི་ཨ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྙིང་པ་དེ་ཚོ་ཡག་ཏུ་གཏོང་རྒྱུའི་ཐག་གཅོད་བྱས་ཏེ། གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གོ་ཧྭ་ཁྲུ་ཡིས་སྲིད་འཛིན་ཨོ་བྷ་མའི་ཐག་གཅོད་དེར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ང་ཚོའི་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་དེ་རྣམས་ཡག་ཏུ་བཏང་བ་ཁོ་ནས་ཨ་མི་རི་ཀས་ཐེ་ཝན་ལ་གནམ་གྲུ་གསར་པ་བརྒྱ་ཆ་༨༠་བཙོངས་པ་དང་ཁྱད་པར་མེད། ཐེ་ཝན་གཞུང་གིས་སྔར་བཞིན་ཨ་མི་རི་ཀར་འཐབ་འཛིང་གནམ་གྲུ་གསར་པ་བཙོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG