ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་ལ་ཟུར་ཉན་པའི་གནས་བབ་སྤྲོད་རྒྱུར་གྲོས་ཚོགས་གོང་མས་རྒྱབ་སྐྱོར།


ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཟུར་ཉན་པའི་གནས་བབ་བསྐྱར་གསོ་ཡོང་ཐབས་དེར་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གནང་སྟེ་ཐེ་ཝན་གྱི་གནས་བབ་བསྐྱར་གསོ་བྱ་རྒྱུར་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། གྲོས་ཆོད་དེར་གཟའ་འཁོར་རྗེས་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གལ་ཆེའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པ་དེའི་སྐབས་སུ་ཐེ་ཝན་ཟུར་ཉན་པའི་གནས་བབ་ཐོག་ཏུ་ཚོགས་འདུ་དེར་མཉམ་ཞུགས་བྱེད་ཐུབ་ཐབས་སུ་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཀྱང་ཐབས་ཇུས་ཁག་ལག་ལེན་བསྟར་དགོས་ཞེས་འཁོད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG