ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སློབ་ཆེན་ཁག་གིས་ཐེ་ཝན་ལ་འབྲེལ་བཙུགས་ནས་རྒྱ་སྐད་སློབ་ཁྲིད།


༄༅།། ཉེ་ཆར་ཨ་རིའི་སྐད་གྲགས་ཅན་གྱི་ཧར་ཝྭར་ཌི་སློབ་གྲྭ་ཆེན་མོའི་དབྱར་དུས་ཀྱི་རྒྱ་སྐད་སློབ་ཁྲིད་བྱ་ཡུལ་རྒྱ་ནག་ནས་ཐེ་ཝན་ལ་སྤོར་རྒྱུའི་ཐག་གཅོད་བྱས་ནས་བཟུང་། ཨ་རིའི་སློབ་ཆེན་མང་དག་ཅིག་གིས་རྒྱ་ནག་ལ་སྐད་ཡིག་སློབ་ཁྲིད་ཀྱི་འབྲེལ་བ་བཅད་ནས་ཐེ་ཝན་ལ་རྒྱ་སྐད་སློབ་ཁྲིད་ཀྱི་འབྲེལ་བ་འཛུགས་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡༥་ཉིན་ཐེ་ཝན་གྱི་ཤེས་རིག་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་གྱི་ཁེ་ལི་ཧྥོར་ཎི་སློབ་གྲྭ་ཆེན་མོ་དང་ལྷོ་ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོ། པེན་སི་ཊེ་ཊི་སློབ་གྲྭ་ཆེན་མོ་སོགས་ཨ་མི་རི་ཀའི་སློབ་ཆེན་༢༡་གིས་ཐེ་ཝན་གྱི་རྒྱལ་ཡོངས་དགེ་ཐོན་སློབ་ཆེན་ལ་མཉམ་འབྲེལ་བྱས་ནས་རྒྱ་སྐད་སློབ་ཁྲིད་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG