ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཐེ་ཝན་གྱིས་རྒྱ་ནག་གི་ཆ་རྐྱེན་ལ་ངོས་ལེན་བྱས་མེད་པ།


རྒྱ་ནག་གཞུང་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱ་དགོས་ན་མཚོ་གླིང་དེ་ངེས་པར་དུ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱ་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་བཏོན། དེ་རིང་གཟའ་པ་སངས་ཉིན་ཐེ་ཝན་གྱི་འཕྲོད་བསྟེན་བློན་ཆེན་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ནས་རྒྱ་ནག་གི་ཆ་རྐྱེན་དེར་ཁས་ལེན་བྱེད་ཀྱི་མིན། ངས་གཞི་རྩ་མེད་པ་ཞིག་ལ་ནམ་ཡང་ཁས་ལེན་བྱེད་མི་ཐུབ། ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མགྲོན་ཤོག་འབྱོར་མེད་ཀྱང་ང་ཚོ་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ཁོངས་སུ་མཉམ་ཞུགས་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་མཚམས་འཇོག་བྱེད་མི་སྲིད ད་ལྟ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་ཐེ་ཝན་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ་དང་ལས་དོན་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་ནི་དེ་བས་ཀྱང་གནད་འགག་ཆེན་པོ་རེད་ཅེས་ཐེ་ཝན་གྱི་ལངས་ཕྱོགས་གསལ་པོར་བསྟན། བདུན་ཕྲག་རྗེས་མར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དྲྭ་ལམ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འཐུས་མ་ཡིན་པའི་རྒྱལ་ཁབ་ཁག་གིས་ཐེ་ཝན་རྒྱལ་སྤྱིའི་ཚོགས་ལྷན་ཚོགས་དེར་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། ཐེ་ཝན་གྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ། རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིསརྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་་ཁས་ལེན་བྱེད་ཚེ། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ་དང་ལས་དོན་ཁག་ལ་མཉམ་ཞུགས་བྱེད་ཆོག ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་གོང་གི་རྩ་དོན་དེར་ཁས་ལེན་བྱེད་ཀྱི་མེད་པས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་ཐུབ་པའི་ཆབ་སྲིད་ཀྱི་གཞི་རྩ་མི་འདུག ཐེ་ཝན་རྒྱལ་སྤྱིའི་གླེང་སྟེགས་ཁག་ལ་མཉམ་ཞུགས་བྱ་ཐབས་བྱེད་བཞིན་པར་རྒྱ་ནག་ལ་འགོག་ཆོག་པའི་ཐོབ་ཐང་ཡོདཅེས་ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག ཡིན་ནའང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཁེ་ལི་ཤུས་མི་དམངས་ས་ཡ་༢༣་གྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་གཞུང་དེས་ཐེ་ཝན་མི་དམངས་ཀྱི་བདེ་སྡུག་གླེང་སློང་བྱེད་ཐུབ། ང་ཚོས་རང་གི་མི་དམངས་ཀྱི་ངོ་ཚབ་མཚོན་ཡོད་ཅེས་རྒྱ་ནག་གི་འགོག་རྐྱེན་ཁག་ལ་སྐྱོན་བརྗོད་དྲག་པོ་བྱས་པར་མ་ཟད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ངོ་ཚབ་མཚོན་པ་དང་ཐེ་ཝན་མི་དམངས་ཀྱི་བདེ་སྡུག་གླེང་ཆོག་པ། ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགསཔའི་སྐད་ཆ་དེ་ཚོར་མཐའ་གཅིག་ཏུ་དགག་པ་བརྒྱབ་འདུག

ད་ལོ་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས། ཐེ་ཝན་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་སོང་། ཐེ་ཝན་ལནད་ཡམས་སྔོན་འགོག་གི་ཉམས་མྱོང་ཡོད་པ་དང་ལས་དོན་སྒྲུབ་ཕྱོགས་རྣམས་སློབ་སྟོན་བྱེད་དུ་འཇུག་དགོས། ཐེ་ཝན་གྱི་ནད་ཡམས་སྔོན་འགོག་གི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་ཆོག་ཅེས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཇཱི་ཎི་ཝྭ་གྲོང་ཁྱེར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཨ་མི་རི་ཀའི་དོན་གཅོད་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཐེ་ཝན་གྱི་རིམས་ནད་སྔོན་འགོག་གྲུབ་འབྲས་དེས་འཛམ་གླིང་ཡོངས་ལ་ཕན་ཐོགས་འབྱུང་ས་རེད། འོན་ཀྱང་རྒྱ་ནག་གཞུང་ལ་ཐེ་ཝན་གྱི་གྲུབ་འབྲས་དང་ཉམས་མྱོང་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་དུ་འཇུག་འདོད་མེད་པ་འདྲ། རྒྱ་ནག་དང་ཐེ་ཝན་གཉིས་གཤིབ་སྡུར་བྱས་ནས་གླེང་སློང་བྱུང་ན་རྒྱ་ནག་དོག་མ་བདེ་བ་ཞིག་ཡོང་གི་ཡོད་པར་ཐེ་ཚོམ་མེད་ཅེས་བཀོད།།

ལོ་ངོ་རེ་ཟུང་གོང་དེར་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར། མདོར་ནརྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་དེ་གོ་ཐོས་མེད་པར་གཏོང་རྒྱུའི་ཤུགས་བརྒྱབ་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་བཀོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བཙན་སྒྱུར་བྱེད་དུ་བཅུགཅིང་། རྒྱ་ནག་གི་ཐེ་ཝན་ཞེས་མིང་སྒྱུར་མི་བྱེད་པའི་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གིས་ཚོང་འབྲེལ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་ཚོང་ལས་ཀྱི་མ་རྩ་བཙུགས་པའམ། ཡང་ན་རྒྱལ་ཁབ་དེ་ཚོརརྒྱ་ནག་གིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་གནོན་ཤུགས་སྤྲད་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད། འོན་ཀྱང་ན་ནིང་ལོ་མཇུག་ཏུ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་བྱུང་སྟེ་འཛིམ་གླིང་ཡོངས་ལ་ཁྱབ་ནས་བཟུང་། ཐེ་ཝན་གཞུང་གིས་འཕྲལ་དུ་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱས་ནས་གྲུབ་འབྲས་གང་ལེགས་སོན་པར་འཛམ་གླིང་ཀུན་གྱི་གསར་འགྱུར་ལས་ཁང་ཁག་དང་སྲིད་གཞུང་ཁག མི་དམངས་དཀྱུས་མ་བཅས་ཀྱི་བསྔགས་བརྗོད་ཐོབགསར་འགྱུར་གྱི་འགོ་བརྗོད་ཁག་ལ་ཐེ་ཝན་གྱི་ཏོག་དབྱིབས་རིམས་ནད་བཀག་པའི་དུས་སྐབས་ཞེས་པ་དང་ཐེ་ཝན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱ་དགོས་ཟེར་པ། ཐེ་ཝན་གྱི་དཔེ་སྲོལ་ཟེར་པ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་མིག་དཔེ་བལྟ་དགོས་ཞེས་བསྒྲགས་པ་རྣམས་གསར་འགྱུར་གྱི་འགོ་བརྗོད་དུ་བཀོད་ནས་འཛམ་གླིང་ཡོངས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་དང་དུས་དེབ་ཁག་ལ་ཁྱབ་སྤེལ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་རེད

ཐེ་ཝན་གཞུང་དམངས་གཉིས་ཀས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་ནན་པོ་བྱས་པའི་འབྲས་བུར་མི་༤༤༠་ཐམ་པར་ནད་དུག་འགོས་པ་དང་མི་༦་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཝན་གྱི་གྲུབ་འབྲས་ལ་ོས་འཛིན་དང་རྒྱབ་སྐྱོར། ེ་ཝན་ལ་གདུང་སེམས་མཉམ་སྐྱེད་ཐོབ། དེར་བརྟེན་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་གནོན་ཤུགས་སྤྲད་ནས་ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ལས་དོན་ཁག་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་པའི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ཐ་ན་གསར་འགོད་པ་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོར་ཐེ་ཝན་གྱིས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱས་པའི་གྲུབ་འབྲས་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ་བཏང་ན་དགེ་མཚན་མེད་དམ་ཞེས་དྲིས་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་མི་ཕོད་པའི་གནས་ཚུལ་བྱུང་འདུག དེ་ནས་རྒྱལ་སྤྱིའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོ་སི་གནས་དབྱུང་གཏོང་དགོས་ཞེས་མི་མང་འབུམ་ཕྲག་མང་པོས་སྙན་ཞུ་ཞིག་ལ་མིང་རྟགས་བཀོད། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་སོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནི་རྒྱ་ནག་གི་སྲི་ཞུ་ཁང་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་བྱས་ནས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེར་འགྲོ་གྲོན་རོགས་དངུལ་བཅད། ད་ལྟ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཉེན་ཚབས་ཅི་ཙམ་ཆེ་རུ་སོང་ན་དེ་ཙམ་གྱིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།

XS
SM
MD
LG