ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐའི་ཝན་གྱིས་ཕྷི་ལིབ་པིནསྭ་ལ་དགོངས་སེལ་ཞུ་དགོས་པའི་མཐའ་ཚིག་སྤྲོད་ཀྱི་ཡོད་པ།


ཐེ་ཝན་གྱིས་རང་གི་རྒྱ་མཚོ་དང་འདབས་འབྲེལ་ཁྱིམ་མཚེས་ཡུལ་གྲུ་ ཕྷི་ལིབ་པིནསྭ་ལ། གཟའ་འཁོར་སྔོན་མར་ཡུལ་གྲུ་དེ་གཉིས་དབར་གྱི་རྒྱ་ མཚོའི་ནང་ཉ་པ་ཞིག་ལ་སྲོག་སྐྱོན་བྱུང་པའི་གནད་དོན་གྱི་ཐད། ཕྷི་ལིབ་པིནསྭ་ ཡིས་ཐའི་ཝན་ལ་རེས་གཟའ་མིག་དམར་གྱི་མཚམས་སུ་དགོངས་སེལ་ཞུ་དགོས་པའི་མཐའ་ཚིག་སྤྲད་དེ། གལ་ཏེ་དགོངས་སེལ་མ་ཞུས་པ་ཡིན་ཚེ། ཐའི་ཝན་གྱིས་ ཕྷི་ལིབ་པིནསྭ་ལ་བསྐོ་བཞག་བྱས་པའི་རང་གི་གཞུང་ཚབ་ཆེན་མོ་ཕྱིར་འགུགས་ བྱ་རྒྱུ་མ་ཟད། ཕྷི་ལིབ་པིནསྭ་ནས་ཐེ་ཝན་ལ་ཡོང་མཁན་ལས་རྩོལ་བ་རྣམས་ཡོང་ མི་ཆོག་པའི་དམ་དྲག་དང་བཀག་བསྡོམས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ཕྱོགས་གཉིས་ཀའི་རྒྱལ་ནང་གི་གནོན་ཤུགས་ཁག་གིས་ཡུལ་གྲུ་དེ་གཉིས་ དབར་གྱི་རྩོད་རྙོག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་རྐྱེན་དུ་གྱུར་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཐེ་ཝན་གྱི་རྒྱལ་ས་ཐའི་པེ་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG