༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའི་ལ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ནས་མཚོ་གླིང་དེའི་སྙན་གྲགས་ཆེ་བའི་དམིགས་བསལ་གཟེངས་རྟགས་ཤིག་འབུལ་བཞེས་གནང་ཡོད་ཅིང་། མེཀ་ཕོམ་ཕིའོ་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་ཆེས་མཐོའི་ཕྱི་འབྲེལ་མི་སྣའི་ལས་འགན་བཞེས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།