ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༠/༠༢

ཐེ་ཝན་དང་རྒྱ་ནག ལྷོ་རྒྱ་ནག་རྒྱ་མཚོའི་མངའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་ས་ཐིག་གསར་པ་ཞིག་འཐེན་ཏེ། ས་ཐིག་དེའི་ནང་ཁུལ་དུ་ཚུད་པའི་མཚོ་ཁོངས་དང་མཁའ་དབྱིངས་གཉིས་ཀ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ཁྱབ་བསྒྲགས་བྱ་སྲིད་ཀྱང་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་ལ་རྒྱ་ནག་གིས་ས་ཐིག་གསར་པ་ཞིག་འཐེན་ན་དེ་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་འདུག ད་དུང་ཧྥི་ལི་ཕིན་གྱིས་རང་གི་མཚོ་གླིང་ཁག་ཅིག་གི་བདག་དབང་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱིན་འདུག་ཅེས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧྥི་ལི་ཕིན་གྱི་ཞུ་གཏུག་དེར་ཐག་གཅོད་བྱ་གྲབས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ངོས་ལེན་བྱེད་ཀྱི་མེད་རུང་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧྥི་ལི་ཕིན་ལ་ཁ་མཆུ་འཐོབ་པའི་ཐག་གཅོད་ཅིག་བྱེད་ཚེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་ལ་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག་ཟེར་པ་ཞིག་གསར་དུ་འཐེན་པས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་རྣོ་ངར་ཆེ་རུ་འགྲོ་སྲིད་པའི་ཉེན་ཀ་ཡོད་ཅིང་། ༢༠༡༣་ལོར་ཉི་ཧོང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་གསུམ་གྱི་བདག་དབང་སྒེར་གྱི་ལག་ནས་གཞུང་གིས་ཉོས་ནས་བཟུང་། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག་ཟེར་པ་ཞིག་གསར་དུ་འཐེན་ཡོད་པ་དང་། དེང་སྐབས་རྒྱ་ནག་དང་ཉི་ཧོང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཇེ་ཆེ་དང་ཛ་དྲག་ཆེ་རུ་སོང་ཡོད་པ་རེད།

XS
SM
MD
LG