༄༅།།དེང་སྐབས་ཨ་མི་རི་ཀ་དང་ཀེ་ན་ཊ་དེ་བཞིན་ཡུ་རོབ་ཁུལ་ལ་གནས་འཁོད་བོད་ཕྲུག་ན་གཞོན་དང་བོད་ཕྲུག་ཚོའི་ཕ་མའི་ཁྲོད་སྒྲ་སྙན་ལ་དོ་སྣང་བྱེད་མཁན་དང་སྒྲ་སྙན་སྦྱོང་མཁན་མང་པོ་བྱུང་བཞིན་ཡོད་པ་དང་། སྒྲ་སྙན་སྦྱོང་མཁན་མང་ཆེ་བ་གཞི་རིམ་སློབ་གྲྭ་ལ་འགྲོ་བཞིན་པའི་བོད་ཕྲུག་ལོ་ཆུང་ཚོ་ཆགས་ཀྱི་ཡོད་འདུག
བོད་ཕྲུག་ལོ་ཆུང་ཚོ་དང་ཁོང་ཚོའི་ཕ་མ་ཚོས་སྒྲ་སྙན་སྦྱང་རྒྱུར་དོ་སྣང་ཆེན་པོ་བྱེད་དོན་དང། སྒྲ་སྙན་སྦྱངས་ན་དགེ་མཚན་ག་རེ་ཡོད་པ། དེ་བཞིན་སྒྲ་སྙན་སློབ་ཁྲིད་བྱེད་མཁན་ཚོར་སྐུ་ངལ་གཙོ་ཆེ་བ་ག་རེ་འཕྲད་བཞིན་ཡོད་པའི་ཐད་ལས་རིམ་འདིའི་ནང་འབྲེལ་ཡོད་མི་སྣ་གསུམ་དང་གླེང་མོལ་ཞུས་པ་ཡིན།