ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནང་སོག་གི་རིག་གཞུང་དང་མི་རིགས་རྩ་བརླག


ལོ་ངོ་བརྒྱད་བརྒྱའི་གོང་དུ་ཆེན་པོ་ཧོར་གྱི་དམག་གིས་འཛམ་གླིང་ཤར་ཕྱོགས་ནས་འགོ་ཚུགས་ཏེ་སའི་གོ་ལའི་ཕྱེད་ཀ་ལྷག་ལ་དབང་སྒྱུར་བྱས་པ་དང་། ད་ལྟ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ནང་སོག་གི་སོག་རིགས་རྣམས་ཆེན་པོ་ཧོར་གྱི་གོང་མ་རིམ་བྱོན་གྱི་གདུང་རྒྱུད་དང་ཧོར་དམག་གི་རྒྱུད་པ་ཡིན་པ་རྩོད་མེད་ཡིན་རུང་། དུས་རབས་༢༡་པ་འདིར་ནང་སོག་གི་སོག་པོ་རྣམས་རྒྱ་མི་རིགས་ཀྱི་གྲས་སུ་བྱེ་མའི་ནང་ལ་ཆུ་འཐིམ་པ་ལྟར་རྩ་སྟོང་དུ་སོང་སྟེ། སོག་པོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སོགས་སྒྲ་དབྱངས་ཙམ་དང་གླུ་གཞས་འཁྲབ་སྟོན། སྲོལ་རྒྱུན་གྱི་རྩེད་རིགས་འགྲན་བསྡུར་ལྟ་བུའི་ངོ་བོར་གྱུར་ཏེ། ནང་སོག་ལ་སོག་པོའི་མི་རིགས་ཀྱི་ངོ་བོ་ཞེས་པ་ཞིག་ལོགས་སུ་སྟོན་རྒྱུ་མེད་པའི་གནས་སུ་ལྷུང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG