ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་འཇིགས་སྐུལ་ལ་ཚད་ཐིག་གཉིས་འཛིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞི་ཚུགས་ཡོད་པའི་ཇེ་ཤི་མོཧ་མེཏ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་གི་འགོ་ཁྲིད་མ་སུཏ་ཨ་ཛར་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་དགོས་ཞེས་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་བསྡུར་བྱས་ཀྱང་། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲིམ་འགྲུལ་བཀག་སྡོམ་དེར་དགག་པ་བརྒྱབ་ཡོད་ཅིང་། གལ་སྲིད་རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་ལ་ཚད་ཐིག་གཉིས་བཟུང་ན་དེ་ལ་མཇུག་འབྲས་ངན་པ་ཞིག་སྨིན་རྒྱུ་ཡིན་པས། འཇིགས་སྐུལ་རིང་ལུགས་ལ་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་མཉམ་དུ་འཐབ་རྒོལ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་གཏམ་བཤད་བྱས་པ་དང་། རྒྱ་གར་ཕྱི་སྲིད་བློན་གྱིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་ལངས་ཕྱོགས་དེར་བརྗོད་བྱས་པ་མ་ཟད། ཚོགས་ཆེན་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀ་ཞུགས་ཡོད་པ་དང་། ཚོགས་ཆེན་གོང་དེར་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་པ་ཐུག་འཕྲད་གྲོས་མོལ་བྱས་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་སུཏ་ཨ་ཛར་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་དགོས་པའི་གྲོས་བསྡུར་ལ་རྒྱ་ནག་གིས་མོས་མཐུན་བྱས་མེད་པ་རེད།།

XS
SM
MD
LG