ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁྲིམས་ཞིབ་པ་ཆེ་བ་བགྲེས་ཡོལ་དང་ལས་ཚབ་བསྐོ་བཞག


བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༥ ཉིན་ནས་ལས་ཡུན་གཙང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་དང་། ཁོང་གི་ཚབ་ཏུ་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀྱི་འགན་བཞེས་གནང་འདུག དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལོ་ངོ་བཞི་བཅུ་ཙམ་གྱི་རིང་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ནས་ད་རེས་བགྲེས་ཡོལ་གནང་གི་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་བཀའ་ཤག་གིས་ཁོང་ལ་ལེགས་གསོའི་ཕེབས་སྐྱེལ་ཞུས་གནང་ཡོད་པ་བཅས་ཀྱི་སྐོར་བཞུགས་སྒར་དྷ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG