ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སུབྷྲ་མནྱིམ་སྭ་མི་ལ་བོད་དང་རྒྱ་ནག་ལ་བལྟ་བསྐོར་ཕེབས་རྒྱུར་མགྲོན་འབོད་བྱས་པ།


རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སུ་བྷྲ་མནྱིམ་ སྭ་མི་ལ་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ལ་བལྟ་བསྐོར་ལ་ཕེབས་དགོས་པའི་མགྲོན་འབོད་བྱས་འདུག་པ་དང་། དེ་ཡང་གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བགྲེས་པའི་གྲས་སུ་བྷྲ་མནྱིམ་ སྭ་བ་མིས་རེས་གཟའ་སྤེན་པའི་ཉིན་གསུངས་དོན་ལ་ རྒྱ་ནག་གཞུང་གི་ཆབ་སྲིད་ཞིབ་འཇུག་ཁང་གིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཐུག་འཕྲད་བྱ་རྒྱུ་དང་བོད་ལ་གཟིགས་བསྐོར་ཆེད་མགྲོན་འབོད་བྱས་བྱུང་ཞེས་འགྲེལ་བརྗོད་གནང་འདུག རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སུ་བྷྲ་མནྱིམ་ སྭ་མིས་ ༡༩༧༨ ནས་བཟུང་རྒྱ་ནག་ལ་ལན་མང་གཟིགས་བསྐོར་ཕེབས་མྱོང་ཡོད་པ་ཞིག་ཡིན་ནའང་། བོད་ལ་ད་རེས་ཐེངས་དང་པོར་མགྲོན་འབོད་བྱས་པ་ཞིག་ཡིན་པ་རེད། ཉེ་བའི་དུས་སུ་རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་གསར་འགོད་པ་སོགས་རང་དབང་ཅན་གྱི་འགྲོ་མཁན་ཚོར་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་ནའང་། རྒྱལ་སྤྱིའི་ནང་ནས་གནད་ཡོད་ཆབ་སྲིད་མི་སྣ་སོགས་ཀྱི་བསམ་བློ་འགུག་ཐབས་ལ་ཆེད་དུ་གོ་བསྒྲིགས་བྱས་པའི་བལྟ་བསྐོར་ལས་རིམ་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG