ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་༣༠༠ཡི་བསམ་འཆར་ཡི་གེ


རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་༣༠༠ཡི་བསམ་འཆར་ཡི་གེ
རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་༣༠༠ཡི་བསམ་འཆར་ཡི་གེ

མཚོ་སྔོན་ཞིང་ཆེན་ཁུལ་དུ་རྒྱ་ནག་གཞུང་གིས་སློབ་གསོ་བཅོས་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དེར་བོད་རིགས་སློབ་གྲྭ་བ་ཚོས་ངོ་རྒོལ་སྐད་འབོད་བྱས་རྗེས། སློབ་གྲྭ་ཁག་གི་དགེ་རྒན་ཚོས་རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ་ཏེ་ས་གནས་མི་མང་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྩི་མཐོང་དགོས་པ་བརྗོད་ཡོད་པ་དང་། ཚེས་༢༤་ཉིན་མཚོ་སྔོན་གྲོང་ཁྱེར་ཟི་ལིང་དུ་ཡོད་པའི་བོད་རིགས་ལས་བྱེད་རྒན་གྲས་དང་ཡང་རྒན་ཡོལ་དུ་བཞུགས་ཡོད་པ་ཚོས། རྒྱ་ནག་གཞུང་ལ་སྐད་ཡིག་བཅོས་བསྒྱུར་གྱི་སྐོར་ལ་དོན་ཚན་བཞི་ཅན་གྱི་བསམ་འཆར་ཡི་གེ་ཞིག་ཕུལ་ཡོད་པ་དེའི་ནང་དོན་གཙོ་བོ་རྣམས་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG