ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

ཨ་མིས་ཝིཏ་ནམ་ལ་མཚོན་ཆ་ཕྱིར་ཚོང་བཀག་སྡོམ་ཕྱིར་འཐེན


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝིཏ་ནམ་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ཝིཏ་ནམ་གྱི་སྲིད་འཛིན་ཆོན་གྱིས་སྲིད་འཛིན་ཨོ་བྷ་མར་ཕེབས་བསུ་ཞུས་ཏེ། ཁོང་གིས་གྲང་ངད་ལྡན་པའི་དགུན་གྱི་རྗེས་སུ་དྲོད་སྐྱིད་ལྡན་པའི་དཔྱིད་ཀ་ཤར་ཡོད། སྲིད་འཛིན་ཨོ་བྷ་མ་དཔྱིད་ཀྱི་དུས་སྐབས་འདིར་ཝིཏ་ནམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ་དང་། ཨ་མི་རི་ཀ་དང་ཝིཏ་ནམ་གཉིས་མཐུན་གྲོགས་བཟང་པོ་ཞིག་ལ་རྒྱུའི་རྟེན་འབྲེལ་ཡིན་ཞེས་ཉིན་གུང་གི་གསོལ་སྟོན་རྒྱས་གཤོམ་སྐབས་སུ་གཏམ་བཤད་བྱས་འདུག་ཅིང་། ༡༩༩༥་ལོར་ཨ་མི་ཀ་དང་ཝིཏ་ནམ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་ནས་བཟུང་། སྲིད་འཛིན་ཨོ་བྷ་མ་ཨ་མི་རི་ཀའི་སྲིད་འཛིན་ཞིག་ཝིཏ་ནམ་ལ་འཚམས་འདྲིར་ཕེབས་པ་ཨང་གསུམ་པ་ཡིན་པ་དང་། ༡༩༧༥་ལོར་ཨ་མི་རི་ཀ་དང་ཝིཏ་ནམ་གཉིས་ཀྱིས་དམག་འཁྲུག་རྒྱག་གི་ཡོད་རུང་། ད་ལྟ་རྒྱ་ནག་གི་སྟོབས་འབྱོར་ཡར་རྒྱས་སོང་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེན་པོ་ཡོད་པས། རྒྱ་ནག་གི་ཁ་གཏད་གཅོག་པར་ཝིཏ་ནམ་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་ཞིག་ཡིན་པ་དང་། ཝིཏ་ནམ་ལའང་ཨ་མི་རི་ཀ་ལྟ་བུའི་སྟོབས་ཆེན་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་དགོས་ངེས་སུ་གྱུར་ཡོད། སྲིད་འཛིན་ཨོ་བྷ་མས་ཝིཏ་ནམ་ལ་མཚོན་ཆ་ཕྱིར་ཚོང་བཀག་སྡོམ་གྱི་ཁྲིམས་ཕྱིར་འཐེན་བྱས་པ་དེར་རྩོད་པ་ཆེན་པོ་བྱུང་ཡོད་པ་སྟེ། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཝིཏ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་མངོན་གསལ་དོད་པོ་ཞིག་སོང་མེད། ཨ་མི་རི་ཀས་སྔར་བཞིན་ཝིཏ་ནམ་ལ་མཚོན་ཆ་ཕྱིར་ཚོང་བྱ་མི་ཆོག་པའི་བཀག་སྡོམ་རང་སོར་འཇོག་དགོས་ཞེས་རྩོད་པ་བརྒྱབ་མོད། འོན་ཀྱང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་བཙན་དྲག་བཀོལ་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕྲད་ཡོད། དེར་བརྟེན་ཨ་མི་རི་ཀས་ཝིཏ་ནམ་ལ་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ལ་འབྲེལ་བ་ཆགས་ཡོད། ཝིཏ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་གཉིས་བསྡུར་ཚེ། ཨ་མི་རི་ཀས་ཝིཏ་ནམ་ལ་མཚོན་ཆ་ཕྱིར་ཚོང་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་གནད་འགག་ཆེ་བ་ཡོད་ཅེས་རྒྱུ་མཚན་བགྲངས་ཡོད་པ་རེད།།

XS
SM
MD
LG