ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ཕྱི་སྲིད་ལྷན་ཁང་ནས་༧གོང་ས་མཆོག་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུས།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་དང་སྲིད་འཛིན་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་ལ་དངོས་སུ་མཇལ་འཕྲད་དམ། ཡང་ན་བརྙན་ལམ་དུ་མཇལ་འཕྲད་གནང་འཆར་ཡོད་དམ་ཞེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྐད་ཆ་དྲིས།།

ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་༧གོང་ཏཱ་ལའི་བླ་མ་མཆོག་ཚུད་པའི་བཀུར་འོས་ཆོས་ལུགས་དབུ་ཁྲིད་ཁག་ལ་མཇལ་འཕྲད་གནང་བའི་ཡུན་རིང་གི་ལམ་སྲོལ་ཞིག་འཇགས་ཡོད་པ་རེད། ད་ལྟའི་ཆར་གནས་ཚུལ་འདིའི་ཐད་ང་ཚོར་ངེས་གཏན་བྱ་རྒྱུ་གང་ཡང་མེད།།

ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་གནང་གི་ཕེབས་ནས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་འདུག

གླེང་སྟེགས།

XS
SM
MD
LG