ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

ཤྲི་ལངྒ་ནས་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་བཞེས་མཛད་པ།


ཤྲི་ལངྒ་ནས་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་བཞེས་མཛད་པ།
ཤྲི་ལངྒ་ནས་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་བཞེས་མཛད་པ།

ཉིན་ཤྲི་ལངྒ་གི་བླ་ཆེན་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སྐུ་ཚབ་ཚོགས་ཆུང་ནས་རིང་བསྲེལ་གདན་ཞུའི་སྐབས་མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམས་སྒོར་རིང་བསྲེལ་སྤྱན་འདྲེན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ་ལྷན་བཅར་དུ་སངས་རྒྱས་ཀྱི་རིང་བསྲིལ་གཟིམས་ཆུང་ནང་གདན་ཞུས་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུ་མཁན་སྐུ་ཚབ་རྣམ་པར་མགོན་པོ་མཆོག་ནས་རྒྱལ་བའི་ཕོ་བྲང་ནང་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཤྲི་ལངྒ་ནས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་ཕྱག་གི་རིང་བསྲེལ་ཞིག་སྤྱི་ཟླ་ ༤ ཚེས་ ༤ ཉིན་ཤྲི་ལངྒ་གི་བླ་ཆེན་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སྐུ་ཚབ་ཚོགས་ཆུང་ནས་རིང་བསྲེལ་གདན་ཞུའི་སྐབས་མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམས་སྒོར་རིང་བསྲེལ་སྤྱན་འདྲེན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ་ལྷན་བཅར་དུ་སངས་རྒྱས་ཀྱི་རིང་བསྲིལ་གཟིམས་ཆུང་ནང་གདན་ཞུས་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུ་མཁན་སྐུ་ཚབ་རྣམ་པར་མགོན་པོ་མཆོག་ནས་རྒྱལ་བའི་ཕོ་བྲང་ནང་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་

སྐབས་དེར་མགོན་པོ་མཆོག་ནས་ད་ལྟའི་འཆར་འཛམ་གླིང་ནང་སངས་རྒྱས་ཀྱི་བསྟན་པ་བསླར་གསོ་ཡོང་གི་ཡོད་པདང་། ལྷག་པར་དུ་དཔལ་ནཱ་ལནྡཱ་ནས་བརྒྱུད་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་དེ་ནི། གཙོ་བོ་དཔལ་ནཱ་ལནྡཱའི་ཆོས་ཀྱི་ནང་ང་ཚོས་འགྲོ་བ་མིའི་ཤེས་རབས་འདི་འབེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ངོས་རང་དང་ཚན་རིག་པ་མང་དག་ཅིག་ཐུགས་འཕྲད་སྐབས་ཚན་རིག་པ་ཚོས་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་སོང་ཙང་སངས་རྒྱས་ཀྱི་ཆོས་འདི་དད་པ་ཙམ་མིན་པར་མིའི་སེམས་ཁམས་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་ཧང་སང་དགོས་པ་ཞིག་ཡིན་པ་དང་། ཆོས་ལ་དད་པ་མེད་མཁན་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོན་དམ་གྱི་དོ་སྣང་མཁན་ཇི་མང་འགྲོ་བཞིན་ཡོད་པ་རེད་ ཅེས་བཀའ་སྩལ་གནང་སོང་།

ཉིན་ཤྲི་ལངྒ་གི་བླ་ཆེན་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སྐུ་ཚབ་ཚོགས་ཆུང་
ཉིན་ཤྲི་ལངྒ་གི་བླ་ཆེན་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སྐུ་ཚབ་ཚོགས་ཆུང་

ཡང་ད་རེས་ཤྲི་ལངྒ་ནས་གདན་ཞུ་གནང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་གི་རིང་བསྲེལ་འདི་གྷ་གྷ་གནམ་ཐང་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གདན་ཞུའི་སྐབས་བོད་རིགས་དང་ཧ་མ་ལ་ཡའི་རིགས་བརྒྱུད་གཙོས་པའི་དད་ལྡན་པ་མང་དག་ཅིག་གིས་གཞུང་ལམ་གྱི་གཡས་གཡོན་དུ་མཇལ་དར་དང་། མེ་ཏོག དུག་སྤོས་སོགས་བསྣམས་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་གདན་ཞུས་གནང་སོང་ལ་མཇལ་ཁ་བསྒྲུབས་མཚམས་སུ་གསར་འགོད་པས་སངས་རྒྱས་ཀྱི་རིང་བསྲེལ་དེ་དང་འབྲེལ་བའི་སྐོར་ལ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༢༢ལོར་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིངྒ་ལར་ཆིབས་བསྒྱུར་ཐོག་མར་བསྐྱངས་པའི་སྐབས་རིན་པི་ཆེ་མཆོག་ལ་རྟེན་འབྲེལ་གྱི་མཛད་སྒོ་ཞིག་གོ་སྒྲིག་ཡོང་བའི་སྐོར་༸གོང་ས་མཆོག་གསོལ་འདེབས་ཞུ་རྒྱུའི་རེ་སྐུལ་ཞུས་པ་ལྟར་༸གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་གནང་ཞེས་གསུང་གནང་སོང་།

ཡང་དེ་དང་ཕྱོགས་མཚུངས་ཤྲི་ལངྒ་གི་དགོན་པོའི་བླ་ཆེན་ན་ཡ་ཀ་ཐེ་རོ་མཆོག་གིས་ང་ཚོས་ལོ་ངོ་འགའ་ཤས་རིང་འཛམ་གླིང་འདིའི་ནང་ཞི་བདེ་དང་། བྱམས་སྙིང་རྗེའི་མཚོན་རྟགས་བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་རིང་བསྲེལ་རྩ་ཆེན་ཞིག་འབུལ་རྒྱུའི་འདུན་པ་དྲག་པོ་བཅངས་ཡོད། ༸གོང་ས་མཆོག་ནི་ལོ་རྒྱུས་ཁྲོད་ནང་ཆོས་ལ་རླབས་ཆེན་ཞབས་འདེགས་གྲུབ་མཁན་ཁོང་ལས་ལྷག་པའི་སྐྱེ་བོ་གཞན་ཞིག་བྱུང་མེད། ༸གོང་ས་མཆོག་ནི་སངས་རྒྱས་སྐུ་དངོས་གསུམ་ཞིག་དང་འཛམ་གླིང་འདིའི་ནང་ཆེས་སུ་བཀུར་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་ངོས་འཛིན་སླད་། རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ནས་རྙེད་པའི་སངས་རྒྱས་ཀྱི་རྩ་ཆེའི་རིང་བསྲེལ་འདི་ཁོང་ལ་དགའ་གུས་ཆེན་པའི་ངང་འབུལ་རྒྱུ་ནི་ཆེས་གཟི་བརྗིད་དང་གུས་བཀུར་ཞུ་བའི་ཡུལ་ཞིག་ཡིན།རྩ་ཆེའི་སངས་རྒྱས་ཀྱི་རིང་བསྲེལ་འདི་སི་རི་ལངྒའི་དགེ་འདུན་འདུས་ཚོགས་ཡོངས་ཀྱི་ཚབ་ཞུས་སྟེ་༸གོང་ས་མཆོག་ལ་འབུལ་གྱི་ཡོད་ལ་དེ་རིང་འདིར་བཅར་རྒྱུ་བྱུང་བ་འདི་ཧ་ཅང་སྐལ་པ་བཟང་པོ་དང་། དགའ་ཚོར་སྤག་མེད་སྐྱེད་དགོས་པའི་དུས་ཚོད་ཞིག་ཆགས་སོང་ཞེས་གསུང་གནངསོང་།

གཞི་རྩའི་ཁོང་རྣམ་པས་༧གོང་ས་མཆོག་ལ་རིང་བསྲེལ་འབུལ་རྒྱུ་འདི་ཕྱི་ལོ་༢༠༡༧ལོ་ནས་འཆར་གཞི་སྒྲིག་ནས་ད་ཆ་ལོ་ངོ་དྲུག་གི་རྗེས་སུ་གྲ་སྒྲིག་དང་འཆར་གཞི་འདི་དངོས་སུ་ལག་ལེན་མཁེལ་བ་དེར་ཁོང་རྣམ་པས་དགའ་ཚོར་ཆེན་པོ་གནང་བཞིན་འདུག ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རིན་བསྲིལ་ཐུགས་དམ་གྱི་རྟེན་དུ་འབུལ་མཁན་ནི་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་ སུ་བྷུ་ཏི་ མཧཱ་ བི་ཧཱ་ར་ཡའི་དགོན་ཅིང་། རིང་བསྲེལ་དེ་ཡང་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པ་དབང་པོའིརིང་བསྲེལ་ཡིན་པ་རེད་འདུག་ལ་དགོན་པ་དེས་དེ་སྔ་ཐའ་ལེན་གྱི་རྒྱལ་པོ་ལ་ཡང་རིང་བསྲེལ་ཞིག་ཕུལ་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG