ངོ་འཕྲད་བདེ་བའི་དྲ་འབྲེལ།

སེ་པན་གྱི་རང་སྐྱོང་ས་ཁུལ་ཀ་ཐ་ལོ་ནི་ཡ་སེ་པན་ནས་རང་བཙན་རྒྱལ་ཁབ་ཅིག་བྱེད་མི་བྱེད། སྤྱི་ཟླ་༡༡་ཚེས་༩ ཉིན་ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་ མང་མོས་འོས་བསྡུའི་ཐོག་ནས་ཐག་གཅོད་བྱ་རྒྱུའི་དུས་བཀག་བཟོས་ཡོད་པར་བརྟེན། སེ་པན་གྱི་དབུས་གཞུང་གིས་ ཐག་གཅོད་དེ་ ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་དགོས་ལུགས་ རྩ་ཁྲིམས་ཀྱི་ཁྲིམས་ཁང་ལ་རེས་གཟའ་ཟླ་བའི་ཉིན་འབོད་བསྐུལ་ཞུས་ཡོད་པ་དང་། སེ་པན་གྱི་རྒྱལ་ཁབ་དེ་ནི་དུམ་བུར་འགྲོ་ཐབས་བྲལ་བ་དང་རྒྱལ་ཁབ་དེ་ནམ་ཡང་དུམ་བུར་གཏོང་འཇུག་་གི་མ་རེད་ཅེ་ཡུལ་དེའི་སྲིད་བློན་གྱིས་ནན་བརྗོད་གནང་ཡོད་ཅིང་། འོན་ཀྱང་ཀ་ཐ་ལོ་ནི་ཡའི་རང་སྐྱོང་ཁུལ་གྱི་་སྲིད་སྐྱོང་གིས་ ང་ཚོའི་་ཕུགས་བསམ་དེ་དཀའ་ལས་བརྒྱབས་ཏེ་འགྲུབ་དགོས་པ་ཞིག་མ་གཏོགས་གཞན་ནས་གསོལ་རས་གནང་རྒྱུར་སྒུག་ཐབས་མེད་པ་ཞིག་ཡིན་པའི་ནན་བརྗོད་གནང་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG