ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོ་རི་ཡས་ཉི་ཧོང་ནས་མཚོ་ཟས་ནང་འདྲེན་བཀག་འགོག


ལྷོ་ཀོ་རི་ཡས་ཉི་ཧོང་ནས་མཚོ་ཟས་ནང་འདྲེན་བཀག་འགོག
༄༅།། ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་ཉི་ཧོང་གི་ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་ཉེ་འཁོར་གྱི་ས་ཁུལ་ཁག་ནས་ཉ་ཤ་ལ་སོགས་པའི་མཚོ་ཟས་ནང་འདྲེན་བྱ་རྒྱུ་བཀག་འགོག་བྱས་ཡོད་ཅིང་། ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་ནས་རྒྱ་མཚོའི་ནང་དུ་རྡུལ་ཕྲན་གྱི་འཕྲོ་རླབས་ཁྱབ་པའི་དུག་ཆུ་ཤོར་ཡོད་པའི་ཉེན་ཀར་དོགས་ཟོན་བྱས་ཏེ། གནས་སྐབས་ཤིག་ཉི་ཧོང་གི་ས་ཁུལ་དེ་ནས་ཉ་ཤ་དང་མཚོ་ཟས་ཀྱི་རིགས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG