ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་དང་ལྷོ་ཀོ་རི་ཡའི་གླིང་ཕྲན་བདག་རྩོད།


ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་ལྷོ་ཀོ་རི་ཡའི་གཞུང་གིས་ཏ་ཁེ་ཤི་མ་གླིང་ཕྲན་ལ་ཕྱི་རྒྱལ་གསར་འགོད་པ་རྣམས་ལྟ་སྐོར་ལ་ཁྲིད་དེ། གླིང་ཕྲན་དེ་ཚོ་ལྷོ་ཀོ་རི་ཡའི་ས་ཆ་ཡིན་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་དེར་ངོ་རྒོལ་ཡོད། ལྷོ་ཀོ་རི་ཡའི་བྱ་སྤྱོད་དེ་ཚོ་ཉི་ཧོང་གིས་གླིང་ཕྲན་དེ་དག་གི་བདག་དབང་ལ་འཛིན་པའི་ལངས་ཕྱོགས་དང་རྒྱབ་འགལ་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། ཉི་ཧོང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སཱ་ཏོ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཉི་ཧོང་གིས་ལྷོ་ཀོ་རི་ཡར་བཅའ་སྡོད་རང་གི་གཞུང་ཚབ་ཁང་བརྒྱུད་ནས་ལྷོ་ཀོ་རི་ཡས་ཉི་ཧོང་གི་མངའ་ཁོངས་གླིང་ཕྲན་དེ་ཚོར་ཕྱི་རྒྱལ་གྱི་གསར་འགོད་པར་ཁྲིད་པར་ངོ་རྒོལ་བྱས་ཡོད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG