ས་ཡོམ་གོད་ཆགས་ལ་བོད་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེད།
བོད་དིང་རི་རྫོང་དུ་ཟླ་འདིའི་ཚེས་ ༧ ཉིན་ས་ཡོམ་རིམ་པ་༧.༡ འོག་གྲོང་ཚོ་ཁག་ཅིག་ནང་གོད་ཆགས་ཚབས་ཆེན་བྱུང་བར་བརྟེན། ཁེ་ས་སྤྱི་ཟླ་ ༡ ཚེས་ ༨ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།