ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཀཤ་མིར་གྱི་བོད་པ་ཁ་ཆེའི་གཞིས་ཆགས་ལ་གཟིགས་ཞིབ་གནང་བ།


སྐུ་པར་སྐུ་སྒེར་ཡིག་ཚང།
སྐུ་པར་སྐུ་སྒེར་ཡིག་ཚང།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ རྒྱ་གར་གྱི་ཇཱ་མུ་དང་ཀཤ་མིར་མངའ་སྡེའི་གྲོང་ཁྱེར་ཤྲི་ན་གར་གྱི་ནང་ཆིབས་བསྒྱུར་གནང་བའི་སྐབས་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་དབུས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་ ད་རེས་ཀྱི་ཆིབས་བསྒྱུར་འདི་ནི་ ལོ་ཉི་ཤུ་ལྷག་གི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཤྲི་ན་གར་ནང་ཡོད་པའི་བོད་པ་ཁ་ཆེའི་གཞིས་ཆགས་ལ་གཟིགས་ཞིབ་ལ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པས་ ས་གནས་ཀྱི་བོད་རིགས་ཁ་ཆེ་རྣམས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG