༄༅། ཉེ་དུས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་པ་ཀི་སི་ཐན་དང་ཕེ་རུ་ལ་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོར་བཟའ་ཆས་དང་རྡོ་སྣུམ་གྱི་རིན་གོང་འཕར་ཏེ་མང་ཚོགས་ལ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།