ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བོད་ཀྱི་ས་ཁུལ་འགའ་ཤས་སུ་ལོ་གསར་གྱི་དུས་སྟོན་སྟབས་བདེར་གཏོང་བ།


ལོ་སར་རྟེན་འབྲེལ་བྱེད་སྒོ།
ལོ་སར་རྟེན་འབྲེལ་བྱེད་སྒོ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ནང་གི་མཚོ་སྔོན་ཁྲི་ཀ་དང་མཚོ་ལྷོ་ཕྱོགས་སུ་བོད་ཀྱི་ལོ་སར་དང་བག་སྟོན་སྐབས་སོགས་སུ་འཕྲོད་བསྟེན་ལ་གནོན་པའི་སྐོམ་ཆུའི་རིགས་དང་སྡེར་ཁ་རྒྱ་ཆེན་པོ་སོགས་འགྲོ་སོང་ཕངས་མེད་དུ་བཏང་མི་ཆོག་པའི་གྲོས་ཆོད་བཞག་སྟེ་མང་ཚོགས་ཐུན་མོང་གི་སྟབས་བདེ་རང་བཞིན་གྱི་སྒོ་ནས་རོལ་བཞིན་པའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་ང་ཚོ་ཁྲི་ཀ་ཕྱོགས་ཀྱི་སྦྲ་ནག་སྡེ་བདུན་གྱི་དགོན་པ་ཁག་དང་མང་ཚོགས་ནང་གི་སྡེ་མི་རྒན་རབས་པ་རྣམས་པ་སྡེ་བའི་སྡེ་གཙོ་སོགས་མི་བསམ་ཤེས་ཅན་ཚང་མ་ལྷན་འཛོམས་ཀྱིས་ད་ནས་བཟུང་སྡེ་མི་མང་ཚོགས་ཚང་མའི་བག་སྟོན་དང་ལོ་སར་སྐབས་སོགས་སུ་དོན་མེད་ལ་ཆུད་ཟོས་སུ་གཏོང་བཞིན་པའི་རྣམ་པ་མང་པོ་ཞིག་ད་ནས་བཟུང་མེད་པར་བཟོས་དེ་ཚང་མའི་བསམ་ཚུལ་གཞི་གཅིག་དུ་བསྡུས་དེ་གྲོས་ཆོད་ཡི་གེ་བཞག་པ་ཡིན།གཙོ་བོ་སྟོན་མོ་གང་གི་སྐབས་སུའང་མིའི་འཕྲོད་བསྟེན་ལ་གནོད་པའི་སྐོམ་ཆུའི་རིགས་སྣ་ཚོགས་གཅིག་ཀྱང་བཞག་མི་ཆོག་པ། ཤ་དང་སིལ་ཏོག་གི་རིགས་ཀྱི་སྡེར་ཁ་མཐོན་པོ་གཅིག་ལས་གཅིག་མཐོ་བ་དེ་འདྲ་སྒྲིག་ཤོམ་བྱས་མི་ཆོག་པ།ལོ་སར་ལ་ཡོང་བའི་བྱིས་པ་དང་གྲོང་མི་སྤུན་མཆེད་སུ་འདྲ་ཞིག་ལའང་ལོ་སར་གྱི་གོ་རེ་ལོ་བརྒྱའི་སྟེང་རྒྱ་སྒོར་༥་ནས་བཅུ་ཡན་སྤྲོད་མི་ཆོག་པ།

བསང་གསོལ་སྐབས་སུ་ཤོག་སྤག་གི་རིགས་རྒྱག་མི་ཆོག་པ།དམིག་གསལ་རྟག་སྟོན་མོ་གང་གི་སྐབས་སུའང་རྒྱན་རྩེད་རིགས་རྩ་བ་ནས་རྩེ་མི་ཆོག་པ།བུ་མོ་མནའ་མར་ལེན་པ་ཡིན་ནའང་རྒྱ་སྒོར་ཁྲི་གཅིག་དང་གསེར་ཁེ་༢༠་ལས་བརྒལ་མི་ཆོག་པ།བུ་མག་པ་བྱིན་ནའང་དེ་འདྲ་ཡིན་དགོས་བ།བུ་དང་བུ་མོའི་རྫོངས་བ་སྟེར་བའི་སྐབས་སུ་གྱོན་གོས་རིགས་མང་པོ་བྱིན་མི་ཆོག་པ་སོགས་ཐུན་མོང་གི་བསམ་ཚུལ་ལྟར་གྲོས་བསྡུར་གྱི་ཁྲིམས་བཞག་པ་ཡིན།རྟག་སྟོན་མོ་དང་ལབ་ཙེ་བསྟོད་པ་སོགས་ཀྱི་སྐབས་སུ་ངེས་བར་དུ་བོད་ཆས་གྱོན་དགོས་བའི་རྣམ་པ་གསར་བ་ཞིག་གི་འགོ་བཟུང་ཡོད།མང་ཚོགས་ཚང་མའི་ཀྱང་དེ་ལྟར་དུ་འགྲིགས་རང་ཁུར་བྱེད་གི་ཡོད་པ་རེད་ཅེས་སོགས་བརྗོད་སོང་།དེ་དང་ཆབ་ཅིག་གོང་བརྗོད་གནས་ཚུལ་དང་འབྲེལ་བའི་སྐོར་ནས་དགོན་སྡེ་ཁག་བརྒྱད་ཀྱི་ཐག་ག་དང་ས་ཡིག་བཅས་གྲོས་ཆོག་ཤོག་ངོས་གཉིས་ཅན་ཞིག་བརྒྱུད་སྤེལ་བྱས་ཡོད་པ་རེད་འདུག།གཞན་ཡང་མཚོ་ལྷོ་ཁུལ་ཕྱོགས་ཀྱི་སྒོ་མེ་སྟོད་སྨད་བར་གསུམ་སོགས་སུ་སྡེ་བ་སོ་སོའི་ནང་གི་མང་ཚོགས་ཚང་མའི་ཀྱང་འདས་བའི་ལོ་ཤས་གོང་ནས་བཟུང་ལོ་སར་སྐབས་སུ་ཅོག་ཙེ་གཅིག་གི་སྟེང་སྡེར་ཁ་གསུམ་གྱི་ཡན་སྒྲིག་མི་ཆོག་པ་དང་དེ་ཡང་སྡེར་ཁ་མཐོན་པོ་ཡིན་མི་ཉན་པ། སྡེ་བའི་ནང་ཆེད་དུ་ལོ་སར་སྐབས་སུ་འགྲོ་སོང་འཕངས་མེད་དུ་བཏང་སྟེ་གྲལ་སྒྲིག་རྒྱ་ཆེན་པོ་བྱེད་མཁན་ཡོད་མེད་ལ་ལྟ་མཁན་གྱི་མི་སྣ་བསྐོ་བཞག་གིས་མྱུལ་ཞིབ་བྱེད་གི་ཡོད་པ་འབྲེལ་ཡོད་ནས་འདི་གར་བརྗོད་སོང་།དམིག་གསལ་ཉིན་འདི་གར་བོད་ནང་གི་མཚོ་སྔོན་ཕྱོགས་སུ་ཁ་བ་ཅུང་བབས་པ་ལ་བརྟེན་ནས་འགྲིམས་འགྲིལ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་འདུག་ལ་ལོ་སར་གྱི་སྐབས་འདིར་ཚང་མའི་གཟབ་གཟབ་བྱེད་དགོས་བ་དེངས་སྐབས་བོད་ནང་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་གྱི་ལམ་ན་བརྗོད་མཁན་མང་པོ་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG