ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་མགྲོན་འབོད་ལྟར་ཕྱི་ཟླ་༤་པའི་ཚེས་༢༡་ ནས་ཕྱི་ཟླ་༥་པའི་ཚེས་༡༢་བར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་ཅིང་། ད་རེས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ནི་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ལས་ཁུར་བཞེས་པའི་རྗེས་སུ་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐེངས་དང་པོ་ཡིན་འདུག སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་གྲོས་ཚོགས་འོག་མའི་ཚོགས་གཙོ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཅས་ལ་མཇལ་འཕྲད་གནང་འཆར་ཡོད་པར་མ་ཟད། ཨ་རིའི་ཉམས་ཞིབ་ལྟེ་གནས་ཁང་ཁག་ཅིག་ཏུ་གསུང་བཤད་གནང་འཆར་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་འགྲེལ་བརྗོད་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ཐོག་མར་འཇར་མན་ཎི་དང་ཨ་རི། དེ་ནས་ཁེ་ན་ཌ་བཅས་སུ་ཕྱོགས་ཕེབས་ཀྱིས་བོད་པའི་གཞོན་སྐྱེས་དང་ཆེད་ལས་པ་ཚོར་མཇལ་མོལ་གནང་རྒྱུ། གོང་འཁོད་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་རྒྱུ། ཨ་རིར་བོད་པ་ཆིག་སྟོང་གནས་སྤོའི་ལས་གཞིར་འབྲེལ་བ་ཡོད་པའི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ཟུར་པ་རིན་ཆེ་ཐར་ལོ། སྐུ་ཞབས་ཨེ་ཌི་བྷར་ནེ་ཊི་བཅས་ཀྱིས་བོད་པ་གཞོན་སྐྱེས་ཚོར་ལས་གཞི་དེའི་ཐོག་མའི་བྱུང་རིམ་རྣམས་གསལ་བཀྲོལ་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གསར་དུ་བཙུགས་པའི་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་དེ་བོད་པ་གཞོན་སྐྱེས་ཚོར་མཚམས་སྦྱོར་གནང་འཆར་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG