ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༢/༠༥
བོད།
བལ་ཡུལ་ལ་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་སྔ་སྣུར།
༣༠།༡༢།༢༠༢༠
བལ་ཡུལ་ལ་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་སྔ་སྣུར།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བལ་ཡུལ་ལ་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་སྔ་སྣུར།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:41
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར་བལ་ཡུལ་དུ་ཕྱི་ཟླ་༡༢་པའི་ཚེས་༢༥་ནས་ས་གནས་ཁག་ཅིག་ཏུ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་བྱེད་འགོ་ཚུགས་ཡོད་ཅིང་། བལ་ཡུལ་གཞུང་གི་ཉེན་རྟོག་པས་སྔ་ཕྱི་བར་གསུམ་དུ་བོད་པ་བཙན་བྱོལ་བ་ཚོས་འོས་ཤོག་འཕེན་པའི་དུས་སུ་མི་ཁག་ཅིག་ཉེན་རྟོག་ཁང་དུ་ཁྲིད་ནས་ཆུ་ཚོད་ཁ་ཤས་རིང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་བྱུང་འདུག་ཅེས་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཀརྨ་རྒྱལ་མཚན་གྱིས་འགྲེལ་བརྗོད་བྱས་འདུག
ཁོང་གིས་དེ་རིང་ཕྱི་ཚེས་༣༠་ཉིན་རྒྱལ་ས་ཀ་ཐ་མན་དྷུའི་མངའ་ཁུལ་དུ་ཡོད་པའི་དོན་གཅོད་ཁང་དུ་རྒྱལ་སའི་ཁྱབ་ཁོངས་ཀྱི་བོད་པ་བཙན་བྱོལ་བ་ཚོས་༢༠༢༡་གི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་འཕེན་བཞིན་ཡོད། སྔ་དྲོའི་ཆུ་ཚོད་༡༡་ཡས་མས་སུ་བལ་ཡུལ་གཞུང་གི་ཉེན་རྟོག་པ་སླེབས་ནས་འོས་ཤོག་དང་འོས་ཤོག་འཕངས་ཟིན་པའི་འོས་སྒམ་རྣམས་ཁྱེར་ཡོད་པར་མ་ཟད། ད་དུང་ལས་བྱེད་པ་༨་དང་མི་མང་འོས་ཤོག་འཕེན་མི་༥་བཅས་ཁྱོན་མི་༡༣་ཉེན་རྟོག་ཁང་དུ་ཁྲིད་སོང་། ཁོ་ཚོའི་གྲས་ཀྱི་མི་གཉིས་བུ་མེད་ཡིན་པ་དང་གཞན་རྣམས་སྐྱེས་པ་རེད་ཅེས་བཤད།།
ཐོག་མར་ནས་བལ་ཡུལ་རྒྱལ་གྱི་ས་ཀ་ཐན་མན་དྷུའི་བོད་པ་བཙན་བྱོལ་བ་ཚོས་འོས་ཤོག་འཕེན་རྒྱུར་བཀག་འགོག་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༢༧་ཉིན་མཆོད་རྟེན་དང་འཇོར་པ་ཊྲེའི་ཁྱབ་ཁོངས་ཀྱི་བོད་པ་ཚོས་འོས་ཤོག་འཕེན་བཞིན་པའི་སྐབས་སུའང་ས་གནས་འགོ་འཛིན་སོགས་ཁྱོན་བསྡོམས་མི་༥་ཉེན་རྟོག་པས་བཙན་ཁྲིད་ནས་ཆུ་ཚོད་༡༠་ཡས་མས་ཞིག་ལ་བཀག་ཉར་བྱས་འདུག དེ་རིང་ཕྱི་ཚེས་༣༠་ཉིན་ཡང་གནས་ཚུལ་གཅིག་མཚུངས་ཤིག་བྱུང་བས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཨ་རིའི་གཞུང་ཚབ་ཁང་གི་ལས་སྣེ་སོགས་ཀྱིས་བོད་པ་བཙན་བྱོལ་བ་ཚོར་སྲུང་སྐྱོབ་བྱས་ཤིང་། བལ་ཡུལ་གྱི་ཉེན་རྟོག་ཁང་གིས་བཀལ་ཉར་བྱས་པའི་བོད་པ་ཚོ་དགོང་མོར་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བཤད།།
བདུན་ཕྲག་འདིར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བཞི་བལ་ཡུལ་ལ་སླེབས་ཡོད་པས་བོད་པ་བཙན་བྱོལ་བ་ཚོར་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག སྤོག་ར་དང་ས་མཚམས་ཀྱི་ས་གནས་ཁག་ཏུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཕྱི་ཚེས་༣་གྱི་སྔོན་དུ་ལེགས་གྲུབ་འབྱུང་ཐུབ་རྒྱུའི་ཚོད་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
ང་ལ་སྤྱི་འཐུས་ཀྱི་འོས་འཕེན་རོགས། ༧
XS
SM
MD
LG