ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་རྒྱ་གར་བ་ཚོས་རྒྱ་གར་གྱི་ཞིང་པའི་ཁྲིམས་ལ་ངོ་རྒོལ།


༄༅།། ཉེ་ཆར་ཕྱི་ཟླ་༩་པར་རྒྱ་གར་གཞུང་གིས་ཞིང་པ་ཚོས་རང་གི་སྟོན་འབྲས་རྣམས་ཚོང་སྒྱུར་བྱེད་ཕྱོགས་ཀྱི་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ་བཅའ་ཁྲིམས་གསར་པ་ཁག་གསུམ་གཏན་འབེབས་བྱས་པར་རྒྱ་གར་གྱི་ཞིང་པ་ཚོས་ངོ་རྒོལ་བྱས་ཏེ་བཅའ་ཁྲིམས་དེ་ཕྱིར་བསྡུ་བྱ་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅིང་། རྒྱ་གར་གཞུང་གིས་ཞིང་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་གྲོས་མོལ་་ཐེངས་ལྔ་བྱས་ཀྱང་དོན་འབྲས་མ་སོན་པར་ངོ་རྒོལ་རྒྱུན་འཁྱོངས་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པར་མ་ཟད། ཨ་མི་རི་ཀ་དང་ཁེ་ན་ཌ། དབྱིན་ཡུལ་དང་ཨོ་གླིང་རྒྱལ་ཁབ་སོགས་ལ་གནས་འཁོད་རྒྱ་གར་གྱི་སིག་རྒྱ་བོ་ཚོས་རྒྱ་གར་གྱི་ཞིང་པའི་དགོས་འདུན་ཁག་ལ་རྒྱབ་སྐྱོར་བྱས་ནས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG