ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧི་མ་ལའི་རི་རྒྱུད་ཀྱི་འཁྱགས་རོམ་བཞུར་བའི་དཀའ་རྙོག་སེལ་རྒྱུར་ཚང་མས་མཉམ་ལས་བྱེད་དགོས་པ།


དེང་སྐབས་འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པའི་རྐྱེན་གྱིས་ ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྲིད་པའི་འཁྱགས་རོམ་རྣམས་ བཞུར་ཚད་ཧ་ཅང་མགྱོགས་སུ་འགྲོ་གི་ཡོད་པའི་སྐོར་ཞིབ་འཇུག་གི་གནས་ཚུལ་རིམ་པ་ཞིག་ཐོན་གྱི་ཡོད་སྟབས་ ཨེ་ཤི་ཡེའི་རྒྱལ་ཁབ་ཁག་གི་མི་ས་ཡ་མང་པོའི་འཚོ་གནས་ལ་ཉེན་ཁ་ཡོང་གཞིའི་དཀའ་ངལ་ འདི་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་ ཟླ་བ་འདིའི་ནང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་གྲོས་མོལ་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་ དེ་ནི་ གལ་གནད་ཧ་ཅང་གི་ཆེན་པོ་ཞིག་ལ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG