ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བོད་ཀྱི་རྩོམ་པོ་དང་སྤྱི་དམངས་ཐོབ་ཐང་རྩོད་མཁན་ལ་ལྷག་དཀར་གཟེངས་རྟགས་ཕུལ།


བོད་ནང་གི་རྩོམ་པོ་གཅིག་དང་བོད་ནང་སྤྱི་དམངས་ཐོབ་ཐང་རྩོད་མཁན་བོད་མི་ཁག་ཅིག་ལ་ལྷག་དཀར་གཟེངས་རྟགས་ཕུལ་ཡོད་པ་རེད། གཟེངས་རྟགས་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕུལ་བ་ཞིག་ཡིན་པ་དང། ལྷག་དཀར་ཞེས་པ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་དེ་ཡིས་བོད་ཕྱི་ནང་གི་བོད་མི་ཕན་ཚུན་ཐད་དཀར་འབྲེལ་བ་བཙུགས་ཏེ་བསྐྲུན་པ་དང་རང་དབང་ ཡོད་ས་དང་མེད་སའི་རྒྱང་ཐག་བརྒལ་ཐུབ་པའི་དམངས་ཁྲོད་ཀྱི་ལས་འགུལ་ཞིག་ཡིན་པའི་སྐོར་ནིའུ་ཡོག་གྲོང་ཁྱེར་ནས་བསྟན་འཛིན་ཕན་ཐོགས་ཀྱིས་བཏང་པའི་གནས་ཚུལ་གསན་གྱི་རེད།

XS
SM
MD
LG