ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༩

མོན་རྟ་དབང་དང་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་ཁྲིད།


སེར་བྱེས་མཁས་སྙན་གྲྭ་ཚང་དུ་མོན་རྟ་དབང་གི་སློབ་ཕྲུག་དང་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་ཁྲིད་ཐེངས་དང་པོ་དེ་གནང་ཡོད་པ་རེད།
སེར་བྱེས་མཁས་སྙན་གྲྭ་ཚང་དུ་མོན་རྟ་དབང་གི་སློབ་ཕྲུག་དང་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་ཁྲིད་ཐེངས་དང་པོ་དེ་གནང་ཡོད་པ་རེད།

སེར་བྱེས་མཁས་སྙན་གྲྭ་ཚང་དང་ཨ་རུ་ན་ཅལ་མངའ་སྡེའི་ནང་པའི་བདེ་དོན་ལྷན་ཚོགས་ཐོུང་ནས་གོ་སྒྲིག་འོག་མོན་རྟ་དབང་ཁུལ་ནས་ཕེབས་པའི་སློབ་ཕྲུག་ ༢༦ ལ་སེར་བྱེས་བཀྲིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་དུ་ཕྱི་ཟླ་བཞི་པའི་ཚེས་༡༩ ནས་ཕྱི་ལྔ་པའི་ཚེས་༡༤ བར་བདུན་ཕྲག་གསུམ་རིང་ནང་ཆོས་དང་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་གནང་ཡོད་པ་རེད། ཟབ་སྦྱོང་དེའི་ནང་འཛིན་རིམ་བཞིི་པ་ནས་བཅུ་ཅིག་བར་གྱི་སློབ་ཕྲུག་ཡིན་པ་་དང་བསླབ་གཞི་ནི་གཞི་རིམ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་ས་གནས་རིས་མེད་དགོན་སྡེ་དང་སློབ་གྲྭ་ཁག་གཞིས་སྒར་ཁག་བཅས་ནང་ལྟ་སྐོར་གནང་ཡོད་པ་རེད། ཐེངས་འདིའི་ཟབ་ཁྲིད་ལ་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཁག་ཅིག་ནས་རང་ཉིད་ཟབ་ཁྲིད་དེར་ཞུགས་ནས་ཕན་ཐོགས་ཆེན་པོ་བྱུང་བའི་མྱོང་ཚོར་གསུངས་ཡོད་པ་རེད།

སེར་བྱེས་མཁས་སྙན་གྲྭ་ཚང་དུ་མོན་རྟ་དབང་གི་སློབ་ཕྲུག་དང་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་ཁྲིད་ཐེངས་དང་པོ་དེ་གནང་ཡོད་པ་རེད།
སེར་བྱེས་མཁས་སྙན་གྲྭ་ཚང་དུ་མོན་རྟ་དབང་གི་སློབ་ཕྲུག་དང་ཨ་རིའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ཟབ་ཁྲིད་ཐེངས་དང་པོ་དེ་གནང་ཡོད་པ་རེད།

ཨ་རུ་ན་ཅལ་་མངའ་སྡེ་ནང་པའི་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་བློ་བཟང་ལགས་ནས་མོན་ཡུལ་གྱི་སློབ་ཕྲུག་ཚོར་ཟབ་སྦྱོང་ཐེངས་དང་པོ་ཆགས་ཡོད་པ་དང་མ་འོངས་མུ་མཐུད་མཐུན་གྱུར་གནང་ན་གོ་སྒྲིག་ཞུ་འཆར་ཡོད་པ་གསུངས་སོང་།

སློབ་ཕྲུག་གོ་སྒྲིག་དང་ཕ་མའི་འཐུས་ཚབ་བློ་བཟང་རྣམ་རྒྱལ་ལགས་ནས་གསུང་ན་ད་རེས་མོན་ཡུལ་ནས་སློབ་ཕྲུག་ཚོར་ནང་ཆོས་དང་བོད་ཀྱི་སྐད་ཡིག་རིག་གཞུང་ཐད་ཟབ་ཁྲིད་དེའི་དམིགས་ཡུལ་དང་རེ་བ་གཙོ་བོ་སློབ་ཕྲུག་དེ་རྣམས་ཀྱིས་མ་འོངས་བོད་ཀྱི་རྩ་དོན་འཐབ་རྩོད་ཐད་ཕན་ཐོགས་ཡོང་བའིི་རེ་བ་གནང་གི་ཡོད་པ་གསུང་སོང་།

དེ་དང་ཕྱོགས་མཚུངས་སེར་བྱེས་བཀྲིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་ནས་མཐུན་གྱུར་འོག་ཨ་རིའི་སེམ་སུང་མཐོ་སློབ་ནས་ཕེབས་པའི་སློབ་ཕྲུག་༡༦ དང་དགེ་རྒན་གཉིས་བཅས་ཁྱོན་མི་གྲངས་༡༨ ལ་ཟླ་བ་གཅིག་ཙམ་རིང་ལ་ནང་ཆོས་དང་བོད་ཀྱི་རིག་གཞུང་ཟབ་ཁྲིད་གནང་ཏེ་ཟླ་བ་འདིའི་ཕྱི་ཚེས་༡༢ ཉིན་མཇུག་སྒྲིལ་གནང་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG