ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ཐེ་ཝན།


༄༅།། ཧོང་ཀོང་གི་གསར་འགོད་པ་ཞིག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེ་ཞིག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་དེས་ཐེ་ཝན་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་དོན་དུ་མཉམ་འབྲེལ་ཅི་ཙམ་བྱེད་ཀྱི་ཡོད་མེད་བཅར་འདྲི་ཞུས་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེ་དེས་གསར་འགོད་པའི་དྲི་བར་ལན་འདེབས་མ་བྱས་པར་བརྟེན། རྒྱལ་སྤྱིའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG