ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་གི་ཤ་ཁྲོམ་ཁག་ནས་སྲོག་ཆགས་ཉོ་རྒྱུ་འགོག་འཆར།


༄༅།། ཨ་མི་རི་ཀས་རྒྱ་ནག་གི་ཁྲོམ་ར་ཁག་ནས་དུད་འགྲོ་སྲོག་ཆགས་ཀྱི་རིགས་ནང་འདྲེན་གྱིས་མཱེ་རི་ལན་ཌི་མངའ་སྡེར་ཚུགས་པའི་གཞུང་གི་བརྟག་དཔྱད་ཁང་ཞིག་ཏུ་སྲོག་ཆགས་དེ་ཚོ་བརྟག་དཔྱད་དང་ཚོད་ལྟའི་རྒྱུ་ཆར་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། སྲོག་ཆགས་དེ་དག་གི་ཁག་ཅིག་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་སུ་ངོས་འཛིན་བྱ་ཡུལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ཤ་ཁྲོམ་ཁག་ནས་འཁྱེར་ཡོང་གི་ཡོད་པ་རེད། དེར་བརྟེན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ད་ནས་བཟུང་སྟེ་ཨ་མི་རི་ཀས་དེ་འདྲའི་ཉོ་སྒྲུབ་བྱེད་མི་ཆོག་ཅེས་བཀག་སྡོམ་གྱི་ཁྲིམས་གཞི་ཞིག་བཏོན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG