ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཨ་རིས་རྒྱ་ནག་ལ་གདོང་ལེན་གྱི་བཟོ་ལས་ཁྲིམས་གཞི་གཏན་འབེབས་བྱ་འཆཪ།


༄༅།། རྒྱ་ནག་ལ་གདོང་ལེན་དང་ཁ་གཏད་གཅོག་ཐབས་སུ་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་བཟོ་ལས་སྲིད་ཇུས་ཀྱི་ཁྲིམས་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་གཏན་འབེབས་བྱ་འཆར་ཡོད་ཅིང་། སྔོན་ཆད་ཨ་མི་རི་ཀའི་རིག་རྩལ་གྱི་ལས་རིགས་ཁག་དང་བཟོ་ཚོང་ལས་ཁང་ཁག་ལ་གཞུང་གིས་རོགས་དངུལ་སྤྲོད་ཕྱོགས་དེར་རྒྱབ་སྐྱོར་བྱ་རྒྱུར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀར་བསམ་ཚུལ་མི་ མཐུན་པའི་འགལ་ཟླ་ཡོད་པ་རྣམས་མེད་པར་གྱུར། ད་ནས་ཨ་མི་རི་ཀའི་གཞུང་གིས་ཨ་སྒོར་ཁྲག་ཁྲི་ཆེན་མོ་གཅིག་གི་བཞི་ཆའི་གཅིག་རོགས་རམ་སྤྲད་དེ་ཨ་མི་རི་ཀའི་ཁེར་གཉེར་བཟོ་ཚོང་ལས་ཁང་དང་རིག་རྩལ་ལས་རིགས་ཁག་འཛུགས་སྐྲུན་བྱ་འཆར་ཡོད་པ་བཅས་ཀྱི་སྐོར། ཨ་མི་རི་ཀའི་ནིའུ་དུས་བབ་གསར་ཤོག་གིས་སྤེལ་བའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG