ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་གཏན་འབེབས།


༄༅།། ཨ་མི་རི་ཀའི་གྲོས་ཚོགས་གོང་མས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་དུས་སུ་ཨ་རིའི་སྤྱི་དམངས་ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་དང་རྒོལ་རྡུང་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་འགོག་ཐབས་སུ་ཨེ་ཤེ་ཡའི་མི་རིགས་ལ་སྡང་ཟུག་བྱེད་མི་ཆོག་པའི་ཁྲིམས་གཞི་ཞིག་ལ་གཏན་འབེབས་བྱས་ནས་གྲོས་ཚོགས་གོང་མིའི་འཐུས་མི་༩༤་ཡིས་ཁྲིམས་གཞི་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། མཱི་སོ་རི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཤི་ཧོ་ལི་གཅིག་པུས་ཁྲིམས་གཞི་དེར་ངོ་རྒོལ་གྱི་འོས་ཤོག་འཕངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།


XS
SM
MD
LG