ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རང་ལུས་མེར་སྲེག་གཏོང་གནང་མཁན་ཚེ་རིང་རྒྱལ་ལགས་འདས་གྲོངས་སོང་འདུག


གཟའ་ཟླ་བའི་ཉིན་བོད་མདོ་སྨད་འགོ་ལོག་པདྨ་རྫོང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་དེ་འདས་གྲོངས་སོང་ཡོད་པའི་གནས་ཚུལ་ཐོན་འདུག འདི་ག་རླུང་འཕྲིན་ཁང་ལ་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་ཟི་ལིང་སྨན་ཁང་ནང་འཁྱེར་འགྲོ་བའི་ལམ་ཁར་གཟའ་མིག་དམར་གྱི་དགོང་དྲོར་འདས་གྲོངས་སོང་ཡོད་པ་རེད་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG