ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མདོ་སྨད་མགོ་ལོག་པདྨ་རྫོང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ཞུ་བ་ཞིག་གིས་དེ་རིང་ཚེས་༡༡་ཉིན་པདྨ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་གིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་ས་གནས་ཉེན་རྟོག་པ་འབྱོར་ཏེ་མེ་བསད་དེ་དང་ཁོང་སྨན་ཁང་གང་ཞིག་ཏུ་བཙན་ཁྱེར་བྱས་ཡོད་འདུག ཚེ་རིང་རྒྱལ་ནི་ལོ་ན་༢༠ཡིན་པ་དང་ཕ་ཤེར་ཕུན་དང་ཨ་མ་རིན་སྐྱིད་གཉིས་ཀྱི་བུ་ཡིན་པ་རེད། ད་ལྟའི་ཆར་ཨ་སྐྱོང་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ཚེ་རིང་རྒྱལ་ཡོད་སའི་སྨན་ཁང་དུ་ཁོང་ལ་ལྟ་སྐྱོང་བྱེད་པར་འགྲོ་རྩིས་བྱས་ཏེ་ལམ་དུ་ཆས་ཀྱང་ཉེན་རྟོག་པ་དང་དམག་མིས་སེར་སྐྱ་མང་ཚོགས་ཀྱི་འགྲོ་ལམ་བཀག་ཡོད་འདུག་པ་བཅས་དམ་དྲག་ཤིན་ཏུ་ཆེ་བས་ཁ་གསལ་གྱི་གནས་ཚུལ་རག་ཐུབ་ཀྱི་མེད། འདིའི་སྐོར་ཚེ་རིང་སྐྱིད་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG