ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་བསྲེགས།


༢༠༡༣་ལོའི་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་རྔ་བ་བོད་རིགས་རང་སྐྱོང་ཁུལ། རྔ་བ་རྫོང་དམེ་རུ་མ་ཞང་ཐོག་ཏུ་རང་ལོ་༣༠་ཐམ་པར་སོན་པའི་བོད་པ་དཀོན་མཆོག་ཚེ་བརྟན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༩་ནས་ད་བར་བོད་ནང་ལོགས་སུ་མི་༡༢༣་གྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། ང་ཚོར་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་པ་ལྟར་ན་རང་ལོ་༣༠་ཐམ་པར་སོན་པའི་དཀོན་མཆོག་ཚེ་བརྟན་གྱི་སྐྱེས་ཡུལ་ནི་མདོ་སྨད་རྨ་ཆུ་རྫོང་གི་ཆུ་ཁ་མ་ནས་ཡིན་ཞིང་། ཁོང་ལ་ཕྲུ་གུ་ལོ་༤་ཅན་ཞིག་དང་ལོ་༣་ཅན་ཞིག་བཅས་བུ་ཕྲུག་གཉིས་དང་། ད་དུང་རང་ལོ་༢༨་ལ་སོན་པའི་ཆུང་མ་ཞིག་ཡོད་ལ། དཀོན་མཆོག་ཚེ་བརྟན་སློབ་ཆུང་ཙམ་ལས་མཐོ་སློབ་སོགས་འགྲིམས་མྱོང་མེད་པའི་འབྲོག་པ་དཀྱུས་མ་ཞིག་ཡིན་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG