ཨ་མི་རི་ཀའི་གཞས་མ་དང་གློག་བརྙན་འཁྲབ་མཁན་སེ་ལེ་ནེ་གྷོ་མེ་ཟི་ལོ་གཉིས་ཙམ་གྱི་གོང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བའི་འདྲ་པར་ཞིག་སྤྱི་ཚོགས་དྲ་ལམ་དུ་བཞག་པར་བརྟེན། རྒྱ་ནག་གཞུང་གིས་གཞས་མ་སེ་ལེ་ནེ་རྒྱ་ནག་ལ་རོལ་དབྱངས་དཀྲོལ་ཚོགས་ཀྱི་སྐོར་སྐྱོད་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་ཅིང་། ཁེ་ན་ཌའི་གྲོང་ཁྱེར་ཞིག་ཏུ་ན་གཞོན་གྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ལས་གཞི་ཞིག་ལ་འབྲེལ་བ་ཡོད་པའི་མཛད་སྒོ་ཞིག་གི་སྐབས་སུ་སེ་ལེ་ནེ་དང་༧གོང་ས་མཆོག་གཉིས་ལྷན་དུ་སྐུ་པར་སྒྲོན་རུང་། ད་ཆ་སྤྱི་ཚོགས་དྲ་ལམ་ཁག་ཏུ་འདྲ་པར་དེ་ནག་བསུབ་བཏང་ཟིན་པ་མ་ཟད། རྒྱ་ནག་གི་སྐོར་སྐྱོད་འཆར་གཞི་ཡང་སེ་ལེ་ནེའི་སྒེར་གྱི་དྲ་རྒྱའི་ཐོག་ནས་ཕྱིར་འཐེན་བྱས་འདུག