ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་ལ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོ་ཁྱབ་སྤེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུཀ་རེན་ལ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོ་ཁྱབ་སྤེལ།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་གཏོད་མཛད་པའི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་རྣམས་ཡུཀ་རེན་གྱི་སློབ་གྲྭ་༢༦་གི་ནང་དུ་ཁྱབ་སྤེལ་གཏོང་གི་ཡོད་ཅིང་། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་ཡུཀ་རེན་གྱི་སློབ་གསོ་དང་སྲིད་ཇུས་གཏན་འབེབས། སྦྱོར་བརྡར་དང་ཟབ་སྦྱོང་ཤེས་ཡོན་བསྟི་གནས་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གོང་ས་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་དྲྭ་ལམ་བརྒྱུད་ནས་སེམས་བཟང་གི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་ཏུ་ལམ་སྟོན་བཀའ་སློབ་དང་བཀའ་འདྲི་ཞུས་པ་ཁག་ལ་ལྗགས་ལན་གནང་ཡོད་པར་མ་ཟད། མགོན་པོ་གང་ཉིད་ཀྱིས་བྱམས་པ་དང་ཤེས་རབ་ཟུང་དུ་འབྲེལ་ནས་མིའི་རྣམ་དཔྱོད་བེད་སྤྱོད་བྱ་ཐུབ་པ་ཞིག་བྱུང་ན་དཀའ་སྡུག་གང་འདྲ་ཞིག་ཕྲད་ཀྱང་དེ་སེལ་ཐུབ་པ་འམ། ཡང་ན་དཀའ་སྡུག་དེ་ཆུང་དུ་གཏོང་ཐུབ་པའི་ནུས་པ་ཡོད་ཅེས་གསུངས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG